དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་དབྱི་ཐ་ལིར་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-29

    ཚེས་21དང་ཚེས་22ཉིན་ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་དབྱི་ཐ་ལིར་འཚམས་འདྲི་གནང་ནས་དབྱི་ཐ་ལིའི་གྲོས་ཁང་གོང་མ་དང་གྲོས་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་ལ་བོད་ཀྱི་ད་ལྟའི་འཕེལ་རྒྱས་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་བྱས་པ་དང་འབྲེལ་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་མཉམ་ལས་བྱ་རྒྱུའི་གནད་དོན་ཐད་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། གཞན་ཡང་སྤེལ་རེས་ཚོགས་པས་དབྱི་ཐ་ལིའི་འཕྲིན་གཏོང་ཁང་དང《ཕོ་ཉའི་ཚགས་པར》སོགས་དབྱི་ཐ་ལིའི་སྨྱན་སྦྱོར་གཙོ་བོ་དང་སྤེལ་རེས་བྱས་ཏེ་སྨྱན་སྦྱོར་བ་དེ་དག་གིས་དེ་བས་ལེགས་པའི་སྒོ་ནས་བོད་ཀྱི་གནས་ཚུལ་དངོས་ཤེས་རྟོགས་ཐུབ་པ་བྱས་པ་རེད།

    སྤེལ་རེས་ཚོགས་པས་གྲོས་ཚོགས་ལ་འཚམས་འདྲི་བྱེད་རིང་། དབྱི་ཐ་ལི་ནི་བོད་དུ་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་སྤེལ་མཁན་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཡིན། 1981ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་དང་རྒྱ་ཁྱབ་ངང་སྤེལ་རེས་དང་མཉམ་ལས་ལས་དོན་སྤེལ་ཞིང་། ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་གཉིས་པོའི་མཉམ་ལས་འབྲེལ་བ་བཟང་པོ་དང་དབྱི་ཐ་ལིའི་རིགས་གཅིག་མཁས་ཅན་གྱི་ལས་བཀུར་སྙིང་སྟོབས་ཀྱིས་མི་རྣམས་ལ་བག་ཆགས་བཟང་པོ་བཞག་ཡོད་ཅེས་བཤད་པ་རེད། དབྱི་ཐ་ལི་ཕྱོགས་ཀྱིས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བར་བསྔགས་བརྗོད་བྱས་པ་དང་འབྲེལ་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་བོད་འདི་ཉིད་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དེང་རབས་ཅན་གྱི་ལམ་བུའི་ཐོག་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།