དབུ་ཤོག>འཛམ་གླིང་རྒྱང་ལྟ།
  • འཛམ་གླིང་ཐོག་གནམ་གཤིས་གྲང་ཤོས་དང་ཚ་ཤོས་ཀྱི་ས་ཆ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-29

    འཛམ་གླིང་ཐོག་གནམ་གཤིས་གྲང་ཤོས་ཀྱི་ས་ཆ་ནི་ལྷོ་སྣེའི་གླིང་དུ་ཡོད་པ་དང་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་25མན་ཆད་ཡིན་པ་དང་གནམ་གཤིས་གྲང་ཤོས་ཀྱི་སྐབས་སུ་ཐ་ན་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་89.5ཡང་ཟིན་མྱོང་ཡོད་པ་རེད། ལྷོ་སྣེའི་གླིང་གི་གནམ་གཤིས་གྲང་ཤོས་ཀྱི་ས་ཆ་ནི་སུའུ་ལེན་གོང་མའི་ཝུད་ཨར་ཧོ་ཡང་སི་ཁེ་དང་ཨའོ་ཡི་མི་ཡྰ་ཁང་ཟེར་བའི་ས་ཆ་དེ་གཉིས་སུ་ཡིན་པ་རེད། ས་ཆ་དེ་གཉིས་སུ་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་15ལྷག་ཙམ་ཟིན་གྱི་ཡོད་པ་མ་ཟད་དགུན་ཁ་ཟླ་3རིང་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40མན་ཆད་ཟིན་གྱི་ཡོད་ལ་ཐ་ན་གནམ་གཤིས་མཚམས་རེ་ཤིན་ཏུ་གྲང་བའི་སྐབས་ཕྱིར་འབུད་པའི་ཁའི་རླངས་པ་རྣམས་འཕྲལ་དུ་འཁྱགས་པ་བརྒྱབ་ནས་སར་ལྷུང་གི་ཡོད་པ་རེད།

    འཛམ་གླིང་ཐོག་གནམ་གཤིས་ཚ་བ་ཆེ་ཤོས་ཀྱི་ས་ཆ་ནི་ཧྥེ་གླིང་ཨེ་ཙི་ཕའི་ཨ་མྰ་སེ་ཝ་ཟེར་བའི་ས་ཆ་དེར་ཡིན་ཞིང་ས་ཆ་དེའི་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་30.2ལྷག་ཟིན་གྱི་ཡོད་པ་མ་ཟད་ཚ་བ་ཆེ་བའི་སྐབས་སུ་གནམ་གཤིས་དྲོད་ཚད་ཧྲེ་ཧྲི་ཏུའུ་63ཟིན་གྱི་ཡོད་པ་མ་ཟད་ད་དུང་ས་ཁུལ་དེའི་དྲོད་ཚད་ས་ཧ་ལ་བྱེ་ཐང་ཆེན་མོའི་དྲོད་ཚད་ལས་མཐོ་བ་ཡོད་པར་ར་འཕྲོད་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།