
འཛམ་གླིང་གི་ཆེས་རིང་བའི་མི་བཟོས་གཙང་པོ་ནི་ཅིན་ཧང་མི་བཟོས་གཙང་པོ་ཡིན་ཞིང་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་1794ཡོད། མི་བཟོས་གཙང་པོ་དེ་པེ་ཅིང་ནས་ཐོན་ཏེ་ཐན་ཅིང་དང་། ཧེ་པེ། ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་བཅས་ཞིང་ཆེན་བཞི་དང་གྲོང་ཁྱེར་གཅིག་བརྒྱུད་ནས་མཇུག་མཐར་ཧང་ཀྲའོ་ལ་སླེབས་ཀྱི་ཡོད།