
དགའ་ལྡན་བྱིན་ཆགས་གླིང་ནི་པེ་ཅིང་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཆེ་ཤོས་དེ་ཡིན། སྤྱི་ལོ་༡༧༤༤ལོར་བོད་བརྒྱུད་ནང་བསྟན་གྱི་དགོན་པར་བསྒྱུར། དགོན་པ་དེར་རྒྱ་རིགས་དང་། མན་ཇུ། བོད་རིགས། སོག་རིགས་ཀྱི་མི་རིགས་ཁྱད་ཆོས་ལྡན་ཡོད་པ་དང་། ལྷ་ཁང་ནང་རྩ་ཆེའི་རིག་དངོས་མང་དག་ཅིག་ཡོད་ཅིང་༡༩༩༠ལོར་སྨི་༡༨ཡོད་པའི་ཙན་དན་གྱི་རྒྱལ་བ་བྱམས་པའི་སྐུ་བརྙན་འཛམ་གླིང་གི་ཇི་ཉི་སི་ཟིན་ཐོའི་ནང་བཀོད་ཡོད་པ་རེད།