![ST20150122650170945646.jpg 406186ecb1f814f8bcff0a[1].jpg](https://tb.xzxw.com/pic/2015-01/29/W020150122650515207629.jpg)
འདི་ནི་ཟླ་6ཚེས་2ཉིན་རི་པིན་གྱི་ཐོ་ཁེའོ་རུ་ལྟ་སྐོར་བས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤ་ཕུའུ་ཀུང་སིའི་4Kཆེས་གསལ་བརྙན་འཕྲིན་ལ་ལྟ་བའི་གནས་ཚུལ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཐོ་ཁེའོ་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་།ཚེས་2ཉིན་གྱི་ཕྱི་དྲོ་རི་པིན་གྱིས་ཐོ་ཁེའོ་རུ་འཕྲིན་གཏོང་སྲུང་སྐར་བརྒྱུད་དེ་4Kཆེས་གསལ་བརྙན་འཕྲིན་ལེ་ཚན་སྟོན་རྒྱུའི་ཚོད་ལྟ་བྱེད་འགོ་ཚུགས་པ་རེད།རི་པིན་གྱི་བརྙན་འཕྲིན་ལས་ཁུངས་ཁག་དང་།འཕྲིན་གཏོང་ཀུང་སི།རླུང་འཕྲིན་བརྙན་འཕྲིན་གྱི་སྒྲིག་ཆས་ཐོན་སྐྱེད་བྱེད་མཁན་ཚོང་པ་བཅས་ལས་གྲུབ་པའི“རབས་རྗེས་མའི་བརྙན་འཕྲིན་རླུང་འཕྲིན་གྱི་སྐུལ་སྤེལ་གླེང་སྟེགས”ཐོག་རི་པིན་གྱིས་2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་མ་གཉེར་གོང་ཆེས་གསལ་བརྙན་འཕྲིན་ཁྱབ་གདལ་བཏང་ནས་རེས་སྐོར་གསར་པའི་བརྙན་འཕྲིན་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།4Kཆེས་གསལ་བརྙན་འཕྲིན་གྱི་ཞེང་ཚད་དང་མཐོ་ཚད་ཀྱི་བསྡུར་ཚད་ནི་169དང་དབྱེ་འབྱེད་ནུས་རྒྱུ་ཁྲི་830ཙམ་ཡིན་པ་དང་གསལ་ཚད་ནི་མིག་སྔའི་ཤིན་ཏུ་གསལ་བའི་བརྙན་འཕྲིན་གྱི་ལྡབ་བཞི་རེད།