
དཔལ་ནཱ་ལེནྡྲ་གཙུག་ལག་ཁང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་སྐབས་རྒྱལ་པོ་ང་ལས་ནུའི་རིང་ལ་གསར་དུ་བསྐྲུན་གནང་མཛད། སྤྱི་ལོའི་དུས་རབས་ལྔ་པའི་དུས་དཀྱིལ་ཙམ་ནས་གཙུག་ལག་ཁང་འདིའི་རྣམ་པ་རྒྱ་
ཆེར་སོང་སྟེ་ནང་ཆོས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་སའི་ལྟེ་བ་ལ་གྱུར། རྒྱ་གར་གྱི་ནང་ཆོས་མཁས་པ་ཕལ་མོ་ཆེ་གཙུག་ལག་ཁང་འདི་ནས་མཐར་ཕྱིན་པ་ཡིན་ཏེ། དཔེར་ན། སློབ་དཔོན་ཟླ་བ་གྲགས་པ།
ཆོས་ཀྱི་སེང་གེ ཕྱོགས་ཀྱི་གླང་པོ། ཐོགས་མེད་སོགས་ཡོད། དུས་རབས་བཅུ་གསུམ་གྱི་དུས་འགོར་ཁ་ཆེའི་ཆོས་ལུགས་ཀྱི་རྒྱལ་པོ་མ་ཧ་མ་ཡི་ཇར་ཇུ་ཟེར་བ་ཞིག་གིས་རྒྱ་གར་དུ་དམག་དྲངས་ནས་ཡུལ་ཁམས་མང་པོ་
དབང་དུ་འདུས། དཔལ་ནཱ་ལེནྡྲ་གཙུག་ལག་ཁང་ཡང་སྐབས་དེར་མེ་ལ་བསྲེགས་པས་ནང་པའི་ཆོས་པ་རྣམས་བལ་ཡུལ་སོགས་སུ་བྲོས། དེ་ནས་བཟུང་སྟེ་དཔལ་ནཱ་ལེནྡྲ་གཙུག་ལག་ཁང་དེ་མིང་གི་ལྷག་མ་ཙམ་དུ་གྱུར།