རང་རྒྱལ་གྱི་མཚོ་འགག་ཆེ་ཤོས།
རང་རྒྱལ་གྱི་ཐའེ་ཝན་དང་ཧྥུ་ཅན་ཞིང་ཆེན་གཉིས་ཀྱི་དབར་བྱང་ཤར་ངོས་སུ་མཐོང་བའི་ལྷོ་ནུབ་ཏུ་རྒྱུག་བཞིན་པའི་དོག་ཅིང་རིང་བའི་མཚོ་འགག་གཅིག་ཡོད་པ་འདི་ནི་སྐད་གྲགས་ཆེ་བའི་ཐའེ་ཝན་མཚོ་འགག་
ཡིན་ལ། དེ་ནི་རང་རྒྱལ་གྱི་མཚོ་འགག་ཆེ་ཤོས་ཀྱང་ཡིན།
རང་རྒྱལ་གྱི་མེ་རིའི་གླིང་ཕྲན་ཆེ་ཤོས།
འུད་ཀྲུའུ་གླིང་ཕྲན་ནི་ཀོང་ཞི་པའེ་ཧའེ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཨང་ཉེར་གཅིག་གི་མཚོ་སྟེང་དུ་ཆགས་ཤིང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི་6དང་། ལྷོ་ནས་བྱང་གི་དཀྱུས་ལ་སྟོང་སྨི་79ཡོད། གླིང་ཕྲན་དེ་སྔོ་ཐིང་ཐིང་གི་རྒྱ་མཚོའི་སྟེང་གཡེང་བའི་ལོ་མ་ལྡིང་བ་དང་འདྲ་བ་ཡིན། དེ་ནི་རང་རྒྱལ་གྱི་མེ་རིའི་གླིང་ཕྲན་ཆེ་ཤོས་དང་ལོ་ན་ཆུང་ཤོས་ཀྱི་མེ་རིའི་གླིང་ཕྲན་ཞིག་ཀྱང་ཡིན།