
གྲོང་ཁྱེར་ལྷ་ས་ནི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ད་ལྟའང་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་རེད། ལྷ་ས་ཞེས་པ་ནི་ཐོག་མར་སྤྲུལ་པའི་ར་ཡིས་ས་དབོར་ཏེ་འོ་ཐང་མཚོ་བསུབས་པས་ར་ས་ཞེས་པའི་མིང་ནས་རིམ་བཞིན་ལྷ་ས་ཞེས་པར་འགྱུར་བའམ། སངས་རྒྱས་དངོས་ཀྱིས་རབ་གནས་མཛད་པའི་ཇོ་ཤག་གཉིས་གནས་འདིར་བཞུགས་པས་ལྷ་ས་ཞེས་པའི་མིང་ཐོགས་ཞེས་གསུང་སྲོལ་མི་འདྲ་བ་ཡོད། ད་ལྟ་གྲོང་ཁྱེར་དེ་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་3650ཙམ་གྱིས་མཐོ་བའི་སར་གནས་སྟབས་སྟབས་འཛམ་གླིང་ཐོག་ས་བབས་མཐོ་ཤོས་ཀྱི་གྲོང་ཁྱེར་ཞིག་ཏུ་ཆགས་ཡོད།