དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>བོད་ཀྱི་འཕོ་འགྱུར།
  • 《དཔལ་ལྡན་རྒྱུད་བཞིའི》ཚན་རིག་རང་བཞིན་དང་སྨན་བཅོས་རིན་ཐང་ལ་འཛམ་གླིང་གི་ཁས་ལེན་ཐོབ་པ།

    ​བོད་ཀྱི་གསོ་བ་རིག་པ་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-12

    2014ལོར་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ཉར་ཚགས་བྱས་པའི་དུས་སྐབས་མི་འདྲ་བའི《དཔལ་ལྡན་རྒྱུད་བཞི》ཡི་པར་མ་ལྔ་དེ《ཀྲུང་གོའི་ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་ཤུལ་བཞག་མིང་གཞུང》ཁག་བཞི་པར་རེ་ཞུ་ཕུལ་བ་ནས་བཟུང་། བོད་ཀྱི་གསོ་བ་རིག་པའི་ཁྲོད་ཀྱི་ཆེས་རྩེར་སོན་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་སྲོལ་རྒྱུན་གསོ་རིག་བསྟན་བཅོས་དེ་ཉིད་མི་རིཌ་ཀྱི་རིག་གནས་ཤིག་འཛམ་གླིང་ལ་ཕྱོགས་པའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས། དེའང་2015ལོར《ཀྲུང་གོའི་ཡིག་ཚགས་དང་ཚད་ལྡན་ཡིག་ཆའི་ཤུལ་བཞག་མིང་གཞུང》དང་། 2018ལོར《འཛམ་གླིང་གི་དྲན་ཤེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མིང་གཞུང》 2023ལོའི་ཟླ་5ཚེས་24ཉིན་ཧྥ་རན་སེའི་ཕ་རི་སིར《འཛམ་གླིང་གི་དྲན་ཤེས་མིང་གཞུང》བཅས་ནང་ཚུད་པ་རེད། འདས་པའི་བགྲང་བྱ་བཅུ་ལ་ཕྱིར་མིག་ལྟ་སྐབས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚད་མཐོའི་མཐོང་ཆེན་འོག 《དཔལ་ལྡན་རྒྱུད་བཞི》འདི་ཉིད་འཇིག་རྟེན་སྐྱེ་བོ་ཀུན་ལ་མཚམས་སྦྱོར་བྱེད་རིམ་བཞིན་བོད་ཀྱི་གསོ་བ་རིག་པར་བཀྲག་མདངས་འཚེར་བའི་དུས་སྐབས་རེ་འཆར་བཞིན་ཡོད།

    “དོགས་སློང་མེད་པར”དཔྱད་ཞིབ་ལམ་ལྷོངས་བྱུང་བ།

    མི་རིགས་ཀྱི་གསུང་རབ་ནས་རྒྱལ་སྤྱིའི་གར་སྟེགས་བར།

    འཛམ་གླིང་གསོ་རིག་ལོ་རྒྱུས་ཀྱིས་གསོ་རིག་ལག་ལེན་ནི་མིའི་རིགས་ཀྱི་བྱ་བྱེད་དང་བསྟུན་ནས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་ལ། བོད་ཀྱི་གསོ་རིག་ལོ་རྒྱུས་ལ་མཚོན་ན། འདི་ནི་བོད་ཀྱི་ལོ་རྒྱུས་མཚོན་པའི་དེབ་ཐེར་གཞན་ཞིག་རེད་ཅེས་ཀྱང་བརྗོད་ཆོག

    སྤྱི་ལོའི་དུས་རབས་8པའི་ནང་། བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་བོད་ལུཌ་གསོ་རིག་གི་སྲོལ་གཏོད་མཁན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ལྷ་སའི་སྟོད་ལུང་གི་སྨན་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་པ་དང་། ཆུང་དུས་ནས་ཡབ་ཀྱི་དྲུང་དུ་བོད་ཀྱི་གསོ་བ་རིག་པའི་གནས་ལ་སྦྱངས་པ་བྱས།

    ཕྱིས་སུ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ལོ་10ཡི་ནང་མེས་པོའི་དུས་ནས་བཞག་པའི་བོད་ཀྱི་གསོ་བ་རིག་པ་རྨང་གཞིར་བྱས་པ་མ་ཟད། ཕྱོཌ་ཁག་གི་གསོ་རིག་གི་སྙིང་བཅུད་བླངས་ཏེ་ཞིབ་འཇུག་དང་ལག་ལེན་བསྟར་ནས་སྙན་པའི་གྲགས་པ་ཕྱོགས་ཀུན་ལ་རྒྱས་པའི་གསོ་རིག་གི་གཞུང་ཆེན《དཔལ་ལྡན་རྒྱུད་བཞི》ཡི་རྩ་བ་བརྩམས་གནང་བ་དེ་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་མ་ལག་ཅིག་རགས་ཙམ་ཆགས་པ་མཚོན་ཡོད།

    དེ་རྗེས་ཀྱི་ལོ་ངོ་400ལྷག་ཙམ་གྱི་རིང་། བོད་ཀྱི་གསོ་རིག་མཁས་པ་མང་པོས་ཁ་གསབ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། དེའི་ཐོག་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་ཁ་གསབ་ལེགས་སྒྲིག་བྱས་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ཆ་ཚང་ཞིག་གཏན་ལ་ཕབ་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 《དཔལ་ལྡན་རྒྱུད་བཞིའི》ནང་རྩ་རྒྱུད་དང་། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་བཅས་ལེའུ་ཆེན་པོ་བཞི་ཡོད་ཅིང་། དེའི་ནང་ནད་རིགས་1616ལ་བརྟག་དཔྱད་དང་སྨན་བཅོས་བྱེད་སྟངས་དང་སྨན་རྫས་རིགས་2258སྦྱོར་སྡེབ་དང་སྤྱོད་སྟངས་བཀོད་ཡོད་པས། བོད་ཀྱི་གསོ་བ་རིག་པའི་ཤེས་བྱའི་རྣམ་གྲངས་ཀུན་བཏུས་ལྟ་བུ་རེད་ཅེས་བརྗོད་ཆོག་གི་ཡོད།

    རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རིག་གཞུང་ཞིབ་འཇུག་ཁང་གི་རིཌ་གཅིག་མཁས་ཅན་བདེ་སྐྱིད་མཚོ་མོ་ནི་ཞིབ་འཇུག་པ་ཞིག་ཡིན་ཞིང་། 2014ལོ་ནས་བཟུང་། རྒྱལ་ཁབ་ཀྱི་ཡིག་ཚགས་མིང་གཞུང་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མིང་གཞུང་། འཛམ་གླིང་གི་དྲན་ཤེས་མིང་གཞུང་བཅས་ཀྱི་རེ་ཞུའི་ལས་དོན་ལ་འགོ་ནས་མཇུག་བར་ཞུགས་མྱོང་ཡོད།

    2021ལོའི་ཟླ་7པ་ནས་བཟུང་། 《འཛམ་གླིང་གི་དྲན་ཤེས་མིང་གཞུང》

    ནང་ཚུད་པའི་བརྩོན་ལེན་བྱ་ཆེད། ཚོགས་པའི་ཁོངས་མིས་ཟླ་བ་10ལྷག་ཙམ་རིང་། ཞུ་ཡིག་ལ་བཟོ་བཅོས་ཐེངས་20ལྷག་ཙམ་བརྒྱབ་མཐར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ཞིབ་དཔྱད་དང་ཚུར་ལན་བསམ་འཆར་གཞིར་བཟུང་རེ་ཞུ་ལམ་ལྷོངས་བྱུང་བ་རེད།

    《དཔལ་ལྡན་རྒྱུད་བཞི》དེ《འཛམ་གླིང་གི་དྲན་ཤེས་མིང་གཞུང》ནང་ཚུད་པ་ནས་ད་བར་ལོ་གཉིས་ཙམ་འདས་ཟིན་མོད། འོན་ཀྱང་བདེ་སྐྱིད་མཚོ་མོས་སྐབས་དེ་དུས་ཀྱི་གནས་ཚུལ་ད་ལྟའང་གསལ་པོར་དྲན་གྱི་ཡོད། དེའང་རྒྱལ་ཁབ་20ལྷག་ཙམ་གྱི་འཐུས་མིས་དཔྱད་ཞིབ་ཚོགས་འདུའི་ཐོག་བསྟོད་པའི་མཐེ་བོང་བསྒྲེངས་ནས་རྟེན་འབྲེལ་ཞུ་བ་དང《དཔལ་ལྡན་རྒྱུད་བཞིར》དོགས་སློང་མེད་པའི་ཐོག་ནས་དཔྱད་ཞིབ་ལམ་ལྷོངས་བྱུང་བའི་རྣམ་པ་དེ་དཔྱད་ཞིབ་ཚོགས་འདུར་ཞུགས་པའི་ཁོངས་མིས་བརྙན་ཐུང་བླངས་ཏེ་ལག་ཐོགས་ཁ་པར་ནས་བསྐུར་སླེབས་པ་རེད།

    མི་རིགས་ཀྱི་གསུང་རབ་ནས་རྒྱལ་སྤྱིའི་གར་སྟེགས་བར། འཚོ་བའི་ཁྲོད་ནས་བྱུང་ཞིང་འཚོ་བར་ཕན་པ་སྐྲུན་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན་དེ་ད་བར་བོད་རིགས་ཀྱི་མི་ཆོས་རིག་གནས་དང་འཚོ་བའི་ཁྲོད་སྔར་བཞིན་ཉམས་པ་མེད་པར་གནས་ཡོད།

    རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས།

    བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་དང་ལག་ལེན།

    ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི《དཔལ་ལྡན་རྒྱུད་བཞི》ལ་རིག་གཞུང་ཁྱབ་ཁོངས་ནས་གལ་འགངས་ཤིན་ཏུ་ཆེན་པོར་བརྩི་གི་ཡོད་ལ། བོད་རིགས་མི་དམངས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་འབྲེལ་བ་དམ་ཟབ་ཡོད།

    《དཔལ་ལྡན་རྒྱུད་བཞིའི》ནང་འཁོད་པ་ལྟར་ན། སྤྱི་ལོའི་དུས་རབས་8པའི་སྔ་རོལ་ནས་བོད་ཀྱི་གསོ་བ་རིག་པར་བརྟེན་ནས་དཀའ་གནད་ཆེ་བའི་ཕྱི་བཅོས་ཀྱི་གཤགས་བཅོས་བྱེད་ཀྱི་ཡོད་ཅིང་། དེའི་ཁོངས་སུ་ཀླད་པའི་གཤགས་བཅོས་ཚུད་ཡོད། དེ་ནི་ཕྱི་ལུགས་གསོ་རིག་ལས་ཧ་ཅང་གིས་སྔ་བ་ཡོད་པ་རེད།

    བོད་ཀྱི་གསོ་བ་རིག་པའི་ནང་བདེ་སྲུང་འཕྲོད་སྦྱོར་དང་། ལུས་སྟོབས་སྐྱེད་པ། རྒས་གསོ་སོཌ་ཀྱི་ཐབས་ཤེས་གཙིགས་ཆེར་འཛིན་གྱི་ཡོད་ཅིང་། ཟས་སྣ་200ལྷག་ཙམ་བཀོད་ཡོད་པས། སྲོལ་རྒྱུན་གྱི་གསོ་བ་རིག་པའི་བསྟན་བཅོས་ཁྲོད་ཅུང་ཆ་ཚང་བའི་འཚོ་བཅུད་རིག་པ་དང་ཟས་བཅོས་ཀྱི་བརྩམས་ཆོས་ཤིག་རེད།

    བོད་དུ་སྟོན་དཔྱིད་གཉིས་ལ་རང་བྱུང་ཆུ་ཚན་བརྒྱབ་ནས་ནད་གཞི་གསོ་བའི་དུས་ཚོད་ཡག་ཤོས་ཡིན་ཞིང་། བོད་ཀྱི་ས་གནས་ཁག་གི་སྨན་རྩིས་ཁང་གི་སྨན་ལུམས་ལྟེ་གནས་སུའང་ལུམས་རྒྱག་མཁན་ཧ་ཅང་མང་པོ་ཡོད།

    “ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས《དཔལ་ལྡན་རྒྱུད་བཞིའི》ནང་ཕྱི་བཅོས་བྱེད་སྟངས་མང་པོ་འཁོད་པའི་ཁྲོད་ཆུ་ཚན་དང་སྨན་ལུམས་ཀྱིས་གཟུགས་པོར་ཕན་ཐོགས་ཡོད་པའི་འབྲེལ་ཡོད་ཤེས་བྱ་ཚུད་ཡོད”ཅེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོར་བོད་ཀྱི་གསོ་རིག་སློབ་ཁྲིད་དང་། ཞིབ་འཇུག ནད་ཐོག་སྨན་བཅོས་ཀྱི་ལག་ལེན་བཅས་ལ་ཞུགས་ནས་ལོ་20ལྷག་ཙམ་སོང་བའི་སྨན་སྐྱིད་མཚོ་མོས་བཤད།

    2018ལོར“བོད་སྨན་གྱི་ལུམས་བཅོས། ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་གཞི་འགོག་བཅོས་སྐོར་གྱི་ཤེས་བྱ་དང་ལག་ལེན”ཞེས་པ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་ནང་བཅུག་པ་རེད།

    ལོ་ངོ་བརྒྱ་ལྷག་རིང་། སྨན་རྩིས་ཁང་ནི་བོད་ཀྱི་མི་སེར་ཚོའི་སེམས་ནང་གི་བདེ་ཐང་སྲུང་མཁན་དེ་རེད་ལ། དེ་བས་ཀྱང་གནམ་རིག་སྐར་རྩིས་ཞེས་པའི་ཁྱད་དུ་འཕགས་པའི་རིག་གནས་དེ་མི་རྣམས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད།

    སྲོལ་རྒྱུན་ནས་དེང་རབས་བར།

    བོད་ཀྱི་གསོ་བ་རིག་པའི་འགྱུར་ལྡོག་དང་གསར་གཏོད།

    2024ལོའི་ཟླ་10པ་ནས་བཟུང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་གི《དཔལ་ལྡན་རྒྱུད་བཞིའི》ཆེད་དོན་འགྲེམས་སྟོན་དེ་ད་ལྟའང་མུ་མཐུད་གཉེར་བཞིན་ཡོད།

    འགྲེམས་ཁང་དུ་འཛུལ་མ་ཐག་ཤེལ་སྒྲོམ་ནང་བླུགས་པའི་1524ལོའི་པར་ཤིང“གྲ་ཐང་པར་མ”དང་1942ལོར་བཏོན་པའི་གསེར་བྲིས་ཐོག་མ་དེ་མིག་ལམ་དུ་གསལ་ལེར་འཆར།

    ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ཉར་ཚགས་བྱས་ཤིང་། 《འཛམ་གླིང་གི་དྲན་ཤེས་མིང་གཞུང》ལ་རེ་ཞུ་བྱས་པའི་པར་མ་ལྔའི་གྲས་སུ“གྲྭ་ཐང་པར་མ”དང་། “རྟག་བརྟན་པར་མ” “དགའ་ལྡན་ཕུན་ཚོགས་གླིང་པར་མ” “ལྕགས་པོ་རིའི་པར་མ”བཅས་ཚུད་ཡོད། དེ་དག་གི་ནང་དོན་ཆ་ཚང་བ་མ་ཟད། ཉར་ཚགས་ཡག་པོ་བྱུང་བར་བརྟེན་མི་རབས་མང་པོར་བརྒྱུད་པའི་རྩ་ཆེའི་དངོས་པོ་ཞེས་སུ་གྲགས། གཞན་ཡང་། 1942ལོའི་གསེར་བྲིས་མར་གཏོར་སྐྱོན་དང་བོར་བརླག་བྱུང་བས་དེ་ནི་རྩ་ཆེའི་པར་ཤིང་དཀོན་རིགས་སུ་གྱུར་ཡོད། ད་ཐེངས་ཀྱི་ཆེད་དོན་འགྲེམས་སྟོན་ནང་པར་གཞི་མི་འདྲ་བའི《དཔལ་ལྡན་རྒྱུད་བཞི》200ཙམ་འགྲེམས་སྟོན་བྱས་པར་ཤིང་པར་དང་། ལག་བྲིས། བརྙན་པར། སྣུམ་པར། དེང་རབས་ཀྱི་དཔེ་དེབ་སོགས་ཡོད་པ་དང་། ཨུ་རུ་སུ་དང་། ཧྥ་རན་སེ། འཇར་མན། རི་པིན། མོང་གོལ་སོགས་རྒྱལ་ཁབ་མང་པོའི་སྐད་ཡིག་གི་པར་གཞི་ཡོད་ལ། མི་སྒེར་གྱིས་ཉར་ཚགས་བྱས་པའང་ཡོད།

    རང་སྐྱོང་ལྗོངས་སྨན་རྩིས་ཁང་ཚན་སློབ་ཁྲུའི་ཀྲུའུ་རེན་སྨན་པ་ཚེ་རྡོར་གྱིས། འགྲེམས་སྟོན་བྱས་པ་བརྒྱུད་སྤྱི་དམངས་ཀྱིས་བོད་ཀྱི་གསོ་བ་རིག་པར་རྒྱུས་མངའ་ཟབ་ཏུ་ཕྱིན་པ་མ་ཟད། སྲོལ་རྒྱུན་གྱི་གསོ་བ་རིག་་པ་དེར་འཇུག་འདོད་ཀྱི་སྤྲོ་བའང་འཕེལ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    བོད་ཀྱི་གསོ་བ་རིག་པར་ཞིབ་འཇུག་ལོ་མང་བྱས་པའི་བདེ་སྐྱིད་མཚོ་མོས། 《དཔལ་ལྡན་རྒྱུད་བཞི》དེ་རྒྱུན་འཛིན་བྱེད་པའི་ལོ་རྒྱུས་ཀྱི་ཤུལ་རྒྱུན་རིང་མོའི་ནང་པར་གཞི་20ལྷག་ཙམ་དང་། འགྲེལ་པ་དང་རྩ་འགྲེལ་200ལྷག་ཙམ་ཐོན་པ་མ་ཟད། མིག་སྔར་ད་དུང་དེང་རབས་མཁས་པས་བརྩམས་པའི་འགྲེལ་པ་གསར་པ་དཔེ་སྐྲུན་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

    《འཛམ་གླིང་གི་དྲན་ཤེས་མིང་གཞུང》ནང་ཚུད་རྗེས། 《དཔལ་ལྡན་རྒྱུད་བཞི》དང་དེའི་མཚོན་བྱེད་རིག་གནས་ལས་འཕྲོས་པའི་སྲོལ་རྒྱུན་གསོ་རིག་ལ་བསམ་གཞིག་གཏིང་ཟབ་དང་གྲོས་བསྡུར་བྱེད་པའི་ཚ་རླབས་ཤིག་གོ་ལ་ཧྲིལ་པོར་འཕྱུར་ཏེ། བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོང་དང་། ཞིབ་འཇུག ཁྱབ་སྤེལ་བཅས་བྱེད་པར་སྐུལ་མ་ཐེབས་པ་མ་ཟད། 《དཔལ་ལྡན་རྒྱུད་བཞིའི》ཞིབ་འཇུག་ཁང་ཡང་བོད་ལྗོངས་གསོ་རིག་སློབ་ཆེན་དུ་བཙུགས་པ་རེད་ཅེས་བདེ་སྐྱིད་མཚོ་མོས་བཤད།

    ད་ལྟའང་། 《དཔལ་ལྡན་རྒྱུད་བཞིར》བོད་ཀྱི་གསོ་བ་རིག་པའི“སྨན་གཞུང་སློབ་དེབ་དང་པོ”ཅེས་བརྗོད་པ་དང་། དེ་ནི་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན་སོགས་ས་ཁུལ་གྱི་བོད་ཀྱི་གསོ་བ་རིག་པའི་སློབ་གྲྭའི་ངེས་སྦྱོང་བསླབ་གཞི་གཙོ་བོར་གྱུར་ཡོད།

    བདེ་སྐྱིད་མཚོ་མོ།

    བོད་ཀྱི་གསོ་བ་རིག་པ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་དགོས།

    བདེ་སྐྱིད་མཚོ་མོ་ནི་རང་སྐྱོང་ལྗོངས་སྨན་རྩིས་ཁང་རིག་གཞུང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡིན་ཞིང་། 《དཔལ་ལྡན་རྒྱུད་བཞི》དེ《འཛམ་གླིང་གི་དྲན་ཤེས་མིང་གཞུང》ནང་རེ་འདུན་ཞུ་བའི་ལས་དོན་གྱི་འགོ་ནས་མཇུག་བར་དུ་ཞུགས་མྱོང་།

    ཁོང་གིས“སྐབས་དེ་དུས་རེ་འདུན་ཞུ་དོན་ནི་རྒྱལ་སྤྱིའི་ལས་སྟེགས་ཀྱི་ཁས་ལེན་ཐོབ་པ་བརྒྱུད། 《དཔལ་ལྡན་རྒྱུད་བཞི》ཡི་སྐད་གྲགས་ཆོད་ཚད་དང་དེར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་ནས་རྩ་ཆེའི་རིག་གནས་ཤུལ་བཞག་འདི་རྒྱུན་འཛིན་ཐུབ་ཆེད་ཡིན”ཞེས་བཤད།

    བདེ་སྐྱིད་མཚོ་མོའི་རེ་བ་དེ་འགྲུབ་པ་མ་ཟད། ད་དུང་ཁོང་གི་སྔོན་དཔག་ལས་ལྷག་པ་བྱུང་ཡོད། 《དཔལ་ལྡན་རྒྱུད་བཞི》དེའི་ནང་བདེ་བླག་ངང་ཚུད་ནས་ལོ་གཉིས་སོང་རིང་། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་ཁྱབ་སྤེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། དེར་དམིགས་ནས་སྤེལ་བའི་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྤེལ་རེས་ཀྱང་མུ་མཐུད་ཇེ་མང་དུ་སོང་སྟེ། རིག་གནས་མི་གཅིག་པའི་གསོ་བ་རིག་པའི་གླེང་མོལ་གྱི་རྣམ་པ་གསར་པ་ཞིག་ཆགས་པ་དང་། དེར་ཞིབ་འཇུག་བྱས་པའི་དཔྱད་རྩོམ་དེ་བས་ཀྱང་རྒྱུན་ཆད་མེད་པར་ཐོན་པ། ད་དུང་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེ་མོས་འགོ་ཁྲིད་དེ《དཔལ་ལྡན་རྒྱུད་བཞིའི》ཞིབ་འཇུག་ཁང་བཙུགས་ཡོད།

    གྲུབ་འབྲས་དེ་དག་ལས་བོད་ཀྱི་གསོ་བ་རིག་པའི་རིགས་པའི་གཞུང་ལུགས་དང་ནད་ཐོག་སྨན་བཅོས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཐུབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྤེལ་རེས་མཉམ་ལས་ཟབ་ཏུ་ཕྱིན་ཡོད་ཅིང་། དེས་མ་ཚད་རྒྱལ་ནང་དང་རྒྱལ་སྤྱིའི་གར་སྟེགས་ཐོག་འགྲེམས་སྟོན་དང་སྤེལ་རེས་བྱས་པ་བརྒྱུད། གསོ་རིག་མ་ལག་གཞན་དག་གི་ལེགས་ཆ་བསྡུ་ལེན་དང་མིག་དཔེར་བཟུང་སྟེ་དེ་བས་སྒོ་དབྱེ་དང་། བསྟུན་མཁས། གསར་གཏོད་བཅས་ཀྱི་བོད་ཀྱི་གསོ་བ་རིག་པའི་མ་ལག་བཙུགས་ནས་མིའི་རིགས་ཀྱི་བདེ་ཐང་བྱ་གཞག་ལ་བློ་གྲོས་དང་སྟོབས་ཤུཌ་ལེགས་སྐྱེས་འབུལ་རྒྱུ་རེད་ཅེས་བདེ་སྐྱིད་མཚོ་མོས་བཤད།

    “བོད་ཀྱི་གསོ་བ་རིག་པ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བཏང་ནས། མི་སྔར་ལས་མང་བས་བོད་ཀྱི་གསོ་བ་རིག་པའི་གཏིང་ཚུགས་པའི་རྨང་གཞི་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྒྱུས་ལོན་ཐུབ་པར་བྱེད་རྒྱུ་ནི་ང་ཚོའི་དུས་རབས་ཀྱི་ལས་འགན་རེད”ཅེས་བདེ་སྐྱིད་མཚོ་མོས་གསར་འགོད་པར་བཤད།

    སྨན་སྐྱིད་མཚོ་མོ།

    ནུས་ཤུགས་ཡོད་རྒུས་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས།

    “ངས་བྱས་ན། 《དཔལ་ལྡན་རྒྱུད་བཞི》ཡིས་བོད་མི་རིགས་ཀྱི་རིག་གནས་དང་ཤེས་དཔལ་ཕྱོགས་ཡོངས་ནས་མཚོན་ཐུབ་པ་མ་ཟད། དེ་བས་ཀྱང་འདི་ནི་མིའི་རིཌ་ལ་སྦྱིན་པའི་བདེ་ཐང་གི་མཆོག་ནོར་ཞིག་རེད། དེ་ལས་བརྒྱུད་སྤྲོད་བྱས་པ་ནི་གསོ་བ་རིག་པའི་ཤེས་བྱ་ཙམ་མ་ཡིན་པར། དེའི་ནང་ད་དུང་མི་དང་འཇིག་རྟེན་ཁམས་དང་མི་དང་རང་སོ་སོའི་ལུས་སེམས་དབར་གྱི་འབྲེལ་བར་བླངས་པའི་གཏིང་ཟབ་པའི་གོ་བ་འདུས་ཡོད”ཅེས་སྨན་སྐྱིད་མཚོ་མོས་བཤད།

    སྨན་སྐྱིད་མཚོ་མོ་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་དགེ་རྒན་ཆེ་མོ་བ་ཡིན་ཞིང་། ཁོང་གིས། བོད་ཀྱི་གསོ་བ་རིག་པ་འབྱུང་ས་དང་དར་ས་བོད་ལ་ཡིན་པས། བོད་ཀྱི་གསོ་བ་རིག་པའི་སློབ་གསོ་དང་། ཞིབ་འཇུག ནད་བརྟག་སྨན་བཅོས་སོགས་ཀྱི་ཐད་ལའང་ངེས་པར་དུ་བོད་མདུན་གྲལ་དུ་སླེབས་པར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཁོང་གིས། རྒྱལ་ཡོངས་སུ་ལོགས་སུ་བཀོད་སྒྲིག་བྱས་པའི་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་སློབ་ཆེན་གཅིག་པུ་དང་། འཛམ་གླིང་ཐོག་གི་མ་ལག་ཆ་ཚང་བའི་བོད་ཀྱི་གསོ་བ་རིག་པའི་མཐོ་རིམ་སློབ་ཆེན་གཅིག་པུ་ཡིན་པའི་ངོས་ནས། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། འཕེལ་རྒྱས། ཁྱབ་གདལ་སོགས་ཐད་བོད་ལྗོངས་བོད་ལུཌ་གསོ་རིག་སློབ་གྲྭ་ཆེ་མོར་ལས་འགན་ལྕི་པོ་ཡོད་ཅེས་མ་གསང་དྲང་པོར་བཤད།

    “མིག་སྔར་སློབ་གྲྭས་བསླབ་གཞི་རྩོམ་སྒྲིག་གསར་བཟོ་དང་། རིག་གཞུང་དུས་དེབ་པར་སྐྲུན་སོཌ་ཐད་ད་དུང་ཤུགས་རྒྱག་དགོས་པ་དང་། རྒྱ་ཡིག་དུས་དེབ་ལ་བརྟེན་ནས་སློབ་གསོ་དང་རིག་གཞུང་གི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུག་ལ་གྱུར་ཡོད། གཞན་ཡང་། ཆུ་ཚད་དེ་བས་མཐོ་བའི་ཞིབ་འཇུག་ལྟེ་གནས་དང་རིག་མཛོད་ལས་སྟེགས་བསྐྲུན་ཏེ། བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་དང་། རྒྱུན་འཛིན། གསར་གཏོད་བཅས་ཀྱི་ཆུ་ཚད་གོང་མཐོར་བཏང་ནས། བོད་ཀྱི་གསོ་བ་རིག་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་སྨན་སྐྱིད་མཚོ་མོས་བཤད་པ་དང་། ཁོང་གིས“ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་སྲིད་ཇུས་དང་། མ་དངུལ། རྣམ་གྲངས། ཤེས་ལྡན་པ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས། བོད་ཀྱི་གསོ་བ་རིག་པར་གོ་སྐབས་བཟང་པོ་ཞིག་ཐོབ་ནས་གསར་གཏོད་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད”ཅེས་བཤད།

    འདི་ནི《དཔལ་ལྡན་རྒྱུད་བཞིའི》པར་མ་མི་འདྲ་བ་བཞི་ཡིན་པ།

    འདི་ནི་རང་སྐྱོང་ལྗོངས་སྨན་རྩིས་ཁང་རིག་གཞུང་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་བདེ་སྐྱིད་མཚོ་མོ(དཀྱིལ)དང་མགོན་པོ་དོན་གྲུབ(གཡས)ཀྱིས་གསར་འགོད་པར《འཛམ་གླིང་གི་དྲན་ཤེས་མིང་གཞུང》ནང་ཚུད་པའི《དཔལ་ལྡན་རྒྱུད་བཞིའི》འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

    འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་སློབ་མ་ཚོས་སྨན་ངོ་འཛིན་པའི་འགྲན་བསྡུར་བྱེད་བཞིན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོས་མཁོ་འདོན་བྱས།

    འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོར་བོད་སྨན་སྨན་རྒྱུ་གསེར་དངུལ་ཟངས་ལྕགས་སོགས་འདུལ་སྦྱོང་བྱེད་སྟངས་སློབ་བཞིན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོས་མཁོ་འདོན་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།