དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>འགོ་བརྗོད་གསར་འགྱུར།
  • “འོད་སྟོང་འཕྲོ་བའི་ལོ་ངོ་60 ཡིད་དབང་འཕྲོག་པའི་བོད་ལྗོངས་གསར་པ”ཞེས་པའི་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་ལྷ་སར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-19

    ཉེ་ཆར། “འོད་སྟོང་འཕྲོ་བའི་ལོ་ངོ་60 ཡིད་དབང་འཕྲོག་པའི་བོད་ལྗོངས་གསར་པ”ཞེས་པའི་གཅིག་སྡུད་བཅར་འདྲིའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་བོད་ལྗོངས་ལྷ་སར་འཚོགས་ཤིང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དང་། ཞིང་ཆེན་དང་གྲོང་ཁྱེར་འགའི་སྨྱན་སྦྱོར་ཚན་པ་30ཡི་གསར་འགོད་པ་བརྒྱ་ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལམ་ཐིག་གསུམ་ལ་བགོས་ཏེ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7ལ་བསྐྱོད་ནས་བཅར་འདྲིའི་གནས་ཚུལ་གཏོང་སྤེལ་བྱ་རྒྱུ་ཡིན་པ་རེད།

    འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་པས། བོད་ཀྱིས“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང་།“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བར་དམིགས་ཏེ། བཅར་འདྲི་ཚོགས་ཆུང་གིས་འབྲེལ་ཡོད་ཀྱི་ལས་དོན་འཕེལ་རིམ་དང་ཐོན་པའི་ཕན་འབྲས་གཙོ་གནད་དང་མངོན་གསལ་དོད་པོར་བཞག་ནས། ཁྱོན་ཡོངས་དང་ཕྱོགས་མང་པོ་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རྣམ་པ་གསར་པ་མངོན་པར་བྱས་ཏེ། མངོན་སུམ་དང་། གསོན་ཉམས་ལྡན་པ། ཕྱོགས་བསྡུས་བཅས་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་སེམས་གཅིག་མཐུན་དང་འབད་འཐབ་ཧུར་ཐག་བྱེད་པའི་གཏམ་རྒྱུད་བརྗོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་བོད་ཀྱི་ལེའུ་གསར་པ་རྩོམ་པའི་གསོན་ཉམས་དོད་པའི་ལག་ལེན་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།