དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ།>གསར་འགྱུར་ལྟེ་གནས།
  • ལག་བྲིས་ཀྱི་དཔེ་རིས་ནས་གནམ་དཔྱད་འཕྲུལ་འཁོར་རྩེ་གྲའི་བར།

    བོད་ཤར་གྱི་གནམ་གཤིས་བརྟག་དཔྱད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-19

    འདི་ནི་དུས་རབས་20པའི་ལོ་རབས་70ནས་80བར་གྱི་ལས་དོན་པས་མོར་སི་གློག་འཕྲིན་བརྡ་རྟགས་བརྒྱུད་གནམ་གཤིས་སྐོར་གྱི་དཔྱད་ཡིག་བརྒྱུད་བསྐུར་བྱེད་བཞིན་པ། (ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་མཁོ་འདོན་བྱས་པའི་པར)

    འདི་ནི་ཧྥན་ཀུའེ་ཡོན(དཀྱིལ)དང་ལས་རོགས་ཚོས་གནམ་གཤིས་ལས་སྒོའི་ལས་དོན་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།

    “པར་འདི་ལེ་ཏ་རླངས་འཁོར་དེའི་ནང་བརྒྱབ་པ་རེད། སྐབས་དེ་དུས་ཁ་ཕྱོགས་སྒྱུར་ཆས་དམར་པོ་དེ་བརྒྱུད་ལེ་ཏ་701གི་བར་སྣང་བརྡ་རྟགས་བསྡུ་ལེན་བྱེད་ཀྱི་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུས་འཚོལ་ཞིབ་ལྟེ་གནས་ཆེན་པོའི་ཀྲུའུ་རེན་ཧྥན་ཀུའེ་ཡོན་གྱིས་ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ཐོག་ཁར་ཡོང་ནས་མདུན་ཕྱོགས་ཀྱི་ལྟ་ཞིབ་ར་བའི་ཟུར་ཞིག་ལ་མཛུབ་མོ་བཙུགས་ཏེ་དེ་ལྟར་བརྗོད། དེ་རྗེས་ཧྥན་ཀུའེ་ཡོན་གྱིས་རླུང་བུ་བརྟག་དཔྱད་ལེ་ཏ་GFE(L)1ཅན་ལ་བྱིལ་བྱིལ་བྱེད་བཞིན་དུ་དྲན་འཆར་ཀློང་དུ་ཚུད།

    1995ལོར། ཧྥན་ཀུའེ་ཡོན་ཆབ་མདོ་གནམ་གཤིས་ས་ཚིགས་སུ་སླེབས་སྐབས། ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་དེ། ས་ཕག་ཁང་པའི་ནང་ཉལ་ཁྲི་གཅིག་ལས་འཇོག་མི་ཐུབ་པ་དང་། ཉལ་ཁྲི་དེའང་ཤིང་སྒམ་གཉིས་ཀྱི་སྟེང་དུ་པང་ལེབ་སྒྲིག་པའི་ཉལ་ཁྲི་ཐེབས་ཆག་ཅིག་རེད། དེའི་སྟེང་དུ་ཉལ་སྐབས་ཀྲེག་ཀྲེག་ཅེས་སྐད་ཡང་ཡང་རྒྱག་གི་ཡོད་པས་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། སྤྲིན་པ་དང་། རླུང་བུ། ཆར་པ། གངས་བཅས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱེད་སྐབས་མིག་གཉིས་དང་ལག་གཉིས་ཁོ་ནར་བརྟེན་དགོས་པ་ལས་ཆ་བྱད་གཞན་པ་གང་ཡང་མེད། གྲངས་གཞི་དག་ཟིན་བྲིས་བརྒྱབ་རྗེས་རྩིས་ཆས་ལ་བརྟེན་ནས་རྩིས་རྒྱག་དགོས་པ་དང་གནམ་གཤིས་དཔེ་རིས་རེ་རེ་བཞིན་ཤོག་བུའི་སྟེང་འབྲི་དགོས་ཀྱི་ཡོད། དཀའ་ལས་ཁག་ཤོས་ནི་གྲངས་གཞི་དེ་དག་བརྒྱུད་བསྐུར་བྱ་རྒྱུ་དེ་རེད།

    གནམ་གཤིས་བརྟག་དཔྱད་པ་ཚོས་མོ་ཨར་སི་གློག་འཕྲིན་འཕྲུལ་ཆས་རྙིང་པ་དེར་བརྟེན་ནས་རེ་རེ་བཞིན་ཕབ་ལེན་བྱས་ཏེ་བོད་ཤར་གྱི་གནམ་གཤིས་འགྱུར་ལྡོག་གི་གློག་འཕྲིན་བརྡ་རྟགས་བརྒྱུད་གཏོང་བྱེད་དགོས་ཀྱི་ཡོད། ཧྥན་ཀུའེ་ཡོན་གྱིས་པར་དེ་དག་ལ་བལྟས་ནས“སྐབས་འགར་བརྡ་རྟགས་ཡག་པོ་མེད་པས་དོན་ཆེན་འཐུས་ཤོར་མི་ཡོང་ངམ་སྙམ་ནས་དངངས་སྐྲག་ཆེན་པོ་ལངས་ཀྱི་འདུག”ཅེས་དྲན་གསོ་བྱེད་བཞིན་དུ་བརྗོད།

    1999ལོར། རྩིས་འཁོར་དར་བས། གནམ་གཤིས་ས་ཚིགས་ཀྱིས་ལག་པས་སྤྲིན་རིམ་ཁྱབ་ཚུལ་དཔེ་རིས་འབྲི་བའི་དུས་རབས་མཇུག་འགྲིལ་བ་རེད། ཧྥན་ཀུའེ་ཡོན་གྱིས། བར་ཐག་མི་རིང་བའི་སར་ཡོད་པའི་སྒྲིག་ཆས་དེ་དག་ལ་བལྟ་བཞིན“དངོས་གནས་སྟབས་བདེ་པོ་འདུག”ཅེས་སེམས་འགུལ་ཐེབས་བཞིན་དུ་བརྗོད། 2001ལོར། ས་ཚིགས་སུ་དྲ་ཆེན་ཀྲའོ་2ཤར་གཏོང་ཐུབ་ནས་གྲངས་གཞི་སྣ་ཚོགས་འཕྲལ་མར་བསྐུར་བ་དང་། 2005ལོར། སྲུང་སྐར་བསྡུ་ལེན་མ་ལག་སྒྲིག་སྦྱོར་བྱས་པས་གནམ་གྱི་སྤྲིན་རིམ་ཁྱབ་ཚུལ་དཔེ་རིས་གསལ་པོར་མཐོང་ཐུབ་ཅིང་། ལོ་དེ་རང་དུ་ཧྥིན་ལན་ནས་ཐོན་པའི་VAISALAརང་འགུལ་གནམ་གཤིས་སྒྲིག་ཆས་བེད་སྤྱོད་བྱེད་འགོ་ཚུགས་ནས་མིས་ཐབས་ལྟ་ཞིབ་ས་ཚིགས་དང་མཉམ་དུ“ལས་རེས”བྱེད་ཀྱི་ཡོད་པ་རེད།

    2008ལོའི་ཟླ་12ཚེས་31ཉིན། ལོ་རྒྱུས་རང་བཞིན་གྱི་དུས་ཤིག་ཤར་བ་སྟེ། ཆབ་མདོ་གནམ་གཤིས་ས་ཚིགས་སུ་རང་འགུལ་ས་ཚིགས་རྐྱང་བགྲོད་འཁོར་རྒྱུག་ཐུབ་ནས་ས་ངོས་ལྟ་ཞིབ་ཚད་ལེན་རང་འགུལ་ཅན་གྱི་དུས་རབས་སུ་སླེབས་པ་རེད།

    ལག་རྩལ་ཡར་རྒྱས་ཕྱིན་པ་དེས་བར་སྣང་གི་གནམ་གཤིས་འགྱུར་ལྡོག་གསར་པ་ཤེས་རྟོགས་དང་ས་མཐོའི་ཚེ་སྲོག་དང་བདེ་འཇགས་སྲུང་སྐྱོང་ཐུབ་ཀྱི་ཡོད། “སྤོམ་མདའ་གནམ་ཐང་སྐྱར་བསྐྲུན་དང་གསེར་ཆུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ཚང་མ་གནད་སྨིན་གྱི་གནམ་གཤིས་འགན་སྲུང་ཞབས་ཞུ་དང་ཁ་བྲལ་ཐབས་མེད། ད་དུང་ལོ་རེའི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་། ཞིང་པའི་དཔྱིད་འདེབས་དང་སྟོན་བསྡུ། དབྱར་ཁའི་དྲག་ཆར་དང་ཆུ་ལོག དགུན་ཁའི་གངས་འཁྱགས་ཀྱིས་རི་བསྡམས་པ་སོགས་ཚང་མ་ང་ཚོ‘གནམ་གཤིས་བརྟག་མཁན’གྱི་གནམ་གཤིས་སྔོན་བརྡ་དང་ཁ་བྲལ་ཐབས་མེད”ཅེས་ཧྥན་ཀུའེ་ཡོན་གྱིས་ཞིབ་རྩིས་བརྒྱབ་ནས་དེ་ལྟར་བརྗོད། ད་དུང་ཁོང་གིས“གངས་རླུང་འུར་འུར་ལྡང་བའི་གནམ་གཤིས་སྔོན་བརྡ་ཐིག་པོ་ཡོད་པ་དེས་འབྲོག་པའི་ནོར་ལུག་སྲོག་ཉེན་ལས་ཐར་བ་དང་། དུས་ཐོག་ཆར་པའི་སྔོན་བརྡ་དེས་ཐན་སྐྱོན་ཐོན་ཉེན་ཡོད་པའི་ས་ཞིང་སྐྱོབ་ཐུབ”ཅེས་གནམ་གཤིས་བརྟག་དཔྱད་པའི་འགན་འཁྲི་ལྕི་པོ་དག་བརྗོད་པ་རེད།

    “གནམ་གཤིས་བརྟག་དཔྱད་བྱེད་སྐབས་སྐར་ཆ་ཙམ་ཡང་ཧེ་བག་མེད་པར་དང་ནོར་འཁྲུལ་སྤུ་ཙམ་ཡང་མེད་པར་བྱེད་དགོས། ང་ཚོས་རྟག་ཏུ་རང་ཉིད‘དམག་ཆས་མི་གྱོན་པའི་དམག་མིར’དཔེ་བཞག་གི་ཡོད”ཅེས་ཧྥན་ཀུའེ་ཡོན་གྱི་སྐད་ཆར་སྤོབས་སེམས་ཀྱིས་ཁེངས། ཁོང་གིས“འབོད་ཚུལ་དེ་གནོན་ཤུགས་ཤིག་ཡིན་ལ་དེ་བས་ཀྱང་གཟི་བརྗིད་ཅིག་ཡིན”ཞེས་བརྗོད། ལྟ་ཞིབ་བྱ་ཡུལ་གསར་པར་ལངས་ནས་ཧྥན་ཀུའེ་ཡོན་གྱིས་རྒྱང་རིང་གི་ལ་གཤམ་དུ་ལྟ་སྐབས་ཆབ་མདོ་གྲོང་ཁྱེར་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་གྱིས་ཁེངས་པ་དང་རི་སྟེང་དུ་དངུལ་མདོག་གི་སྒྲིག་ཆས་དག་ཉི་འོད་འོག་ཕྲ་ལྷམ་མེར་གསལ། ཆབ་མདོའི་བར་སྣང་བསྲུངས་ནས་ལོ་སུམ་ཅུ་ལྷག་ཙམ་སོང་བའི“དམག་མི་རྒན་གྲས”ཁོང་རྒན་ཡོལ་ཞུ་གྲབས་ཡོད་པ་རེད། “མི་རབས་ནས་མི་རབས་བར་གྱི་ཆབ་མདོའི་གནམ་གཤིས་བརྟག་མཁན་གྱིས་མི་འགྱུར་ལྷུན་གྱིས་གྲུབ་པའི་གངས་རི་ལྟར་དེ་གར་བརྟན་སྲུང་བྱེད་བཞིན་ཡོད”ཅེས་ཧྥན་ཀུའེ་ཡོན་གྱིས་བརྗོད།

    གཞུང་ལས་ཁང་དུ་ན་གཞོན་ལག་རྩལ་པས་ཙིག་མཐེབ་མནན་ཐེངས་གཅིག་ལ་སྤྲིན་རིམ་ཁྱབ་ཚུལ་གྱི་དཔེ་རིས་ལ་སྐད་ཅིག་མར་འགྱུར་ལྡོག་ཆེན་པོ་བྱུང་ནས་འབྲི་ཆུ་དང་། ཟླ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་རྒྱུག་ཁུལ་གྱི་གནམ་གཤིས་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད་པ་རེད། ཧྥན་ཀུའེ་ཡོན་གྱིས་དེ་གར་ཡོང་བའི་སློབ་ཆེན་སློབ་མ་ཚོས་ཁོང་གི་དེ་སྔ་རྨི་ལམ་དུའང་འཁོར་མྱོང་མེད་པའི་སྒྲིག་ཆས་དག་བཀོལ་སྤྱོད་བྱང་ཆུབ་པ་བྱེད་པ་མཐོང་སྐབས་དགའ་ཚོར་ཆེན་པོ་སྐྱེ་གི་ཡོད་པ་རེད། མོར་སིའི་གློག་འཕྲིན་བརྡ་རྟགས་ཀྱི་སྒྲ་ནས་5Gབརྡ་རྟགས་གྱི་སྒྲ་མེད་བརྒྱུད་བསྐུར་བར་དང་། སྟབས་བདེའི་རྩིས་འཁོར་ནས་ཚད་བརྒལ་རྩིས་འཁོར་བར་སོགས་ཡོ་བྱད་ཚང་མར་འགྱུར་ལྡོག་འགྲོ་བཞིན་ཡོད་ལ་ལག་རྩལ་ཡང་དེ་བས་འཕེལ་རྒྱས་འགྲོ་བཞིན་ཡོད། “གནམ་གཤིས་བརྟག་མཁན”ཚོས་དགུང་སྔོན་ལ་བརྟག་ཞིབ་དང་ཁྱིམ་གཞིས་སྲུང་བའི་བསམ་པར་ནམ་ཡང་འགྱུར་ལྡོག་གཏན་ནས་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།