དབུ་ཤོག>ཆེད་སྒྲིག
  • 2025ལོར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་290752ཞིབ་བཤེར་ཐག་གཅོད་བྱས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-02-06

           ཟླ་1ཚེས་28ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2025ལོའི་ཟླ་12པའི་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་འདུག ཟླ་འདིར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་39236ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་48770ལ་སྐྱོན་བརྗོད་སློབ་གསོ་བརྒྱབ་པ་དང་ཐག་གཅོད་བྱས་ཤིང་། དེའི་ནང་མི་36441ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད་ཡོད། དེ་ནི་ཟླ་རེའི་སྒྲིག་འགལ་གྱི་གྲངས་གཞི་བསྟུད་མར་ཡོངས་བསྒྲགས་བྱེད་ཐེངས་148པ་རེད།

    གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་290752ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་375604ལ་སྐྱོན་བརྗོད་སློབ་གསོ་བརྒྱབ་པ་དང་ཐག་གཅོད་བྱས་ཤིང་། དེའི་ནང་མི་261788ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད་ཡོད། 

    ཞིབ་བཤེར་ཐག་གཅོད་བྱས་པའི་གོ་གནས་ལ་བལྟས་ན། 2025ལོར། རྒྱལ་ཡོངས་སུ་ཁྱོན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་18དང་། གྲོང་ཁྱེར་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་1196 རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་16368 ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་ལས་བྱེད་པའི་གནད་དོན་273170བཅས་ལ་ཞིབ་བཤེར་ཐག་གཅོད་བྱས་ཤིང་། དེའི་ནང་ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་ལས་བྱེད་པའི་གནད་དོན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་བསྡོམས་འབོར་གྱི་94.0%བཟུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།