དབུ་ཤོག>ཆེད་སྒྲིག
  • ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་དངོས་འཛིན་དངོས་སྒྲུབ་ཡོང་བར་མཐོང་ཆེན་བྱེད་པ།

    རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-20

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོར་དམིགས་པ་དང་ཕན་འབྲས་དངོས་ཐོན་རྒྱུར་མཐོང་ཆེན་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་མ་ཟད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བ་དང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་མིག་སྔའི་གཙོ་གནད་ལས་སྒོ་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་ལ་ནུས་ལྡན་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་སྡོད་ཁང་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ཏང་ཙུའུ་ཡིས་ཏང་ཙུའི་ཚོགས་འདུ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་། ཆེད་དོན་དཔེ་ཀློག་འཛིན་གྲྭ་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་སློབ་སྦྱོང་གཏིང་ཟབ་བྱས་ཡོད། མིག་སྔའི་བར། ཏང་ཀྲི་པུའུ་ཁག་གིས་གཅིག་སྡུད་སློབ་སྦྱོང་བགྲོ་གླེང་བྱེད་སྒོ་ཐེངས་30ལྷག་ཙམ་སྤེལ་ཡོད། མང་ཚོགས་དང་ཞབས་འདེགས་ཞུ་ཡུལ་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་མ་ཟད། ཁ་པར་དང་འཕྲིན་ཡིག་བསྐུར་ཡུལ་ཁྱབ་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་རིང་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཕྱོགས་ཡོངས་ནས་བཤེར་འདོན་དང་། རྩིས་ཐོ་རྣམ་པའི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་འདེད་གཏོང་ཐབས་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཅིག་སྡུད་བཅོས་སྒྲིག་བྱས་ནས། དཀའ་གནད་ལ་གཏུག་ཕོད་པ་དང་ཕན་འབྲས་དངོས་དོན་གཉེར་བྱས་ཡོད། ས་ཡོམ་བརྒྱབ་རྗེས་ཀྱི་དིང་རིའི་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འགོ་ཁྲིད་གཙོ་བོ་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་ནས་བརྟག་ཞིབ་མཛུབ་ཁྲིད་ཐེངས་མང་བྱས་པ་མ་ཟད། དག་ཐེར་གྱི་བྱེད་ཐབས་ཁག་སྣེ་ཁྲིད་ནས་དོན་འཁྱོལ་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”མངོན་པར་བྱས་ནས། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དེ་རིམ་པ་བཞིན་སློབ་སྦྱོང་ལ་དམ་འཛིན་བྱས་ཡོད། གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་དཔེ་སྟོན་སྣེ་ཁྲིད་ཐད་རང་དཔེ་གཞན་སྟོན་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མ་རྩོམ་ཀློག་པ་དང་། མ་རྩོམ་སྦྱོང་བ། མ་རྩོམ་གྱི་ནང་དོན་རྟོགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཁོང་དུ་མི་ཆུད་པ་དང་། རྒྱུས་མངའ་མེད་པ། སྣང་འཇོག་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ། གནད་དོན་གཉིས་ཀྱི་གསལ་ཐོ་དང་ཡང་ཡང་བསྡུར་བ་དང་། སློབ་སྦྱོང་དང་། བསམ་བློ། ཁག་བགོས་དོ་དམ་བཅས་ཀྱི་ཁྱབ་ཁོངས་ལས་དོན་དང་ཟུང་འབྲེལ། རང་ཉིད་ཞུགས་པ་དང་། འགན་འཁྲི་མངོན་པ། ལས་དོན་དང་ཟུང་འབྲེལ་བཅས་བྱས་ཏེ། བགྲོ་གླེང་སྤེལ་རེས་བྱེད་རིང་བསམ་བློའི་བསླད་སྐྱོན་གཙང་སེལ་དང་བྱ་སྤྱོད་ཀྱི་ནོར་འཛོལ་ཡོ་བསྲང་བྱས་ནས། བསམ་བློར་སྐུལ་འདེད་ཐེབས་པ་དང་ངོས་འཛིན་ཟབ་ཏུ་བཏང་ཡོད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་དེ་བས་ཆེ་བ་བྱེད་པར་དམིགས་ཏེ། སློབ་སྦྱོང་སློབ་གསོ་དང་ལས་དོན་དངོས་ཟུང་འབྲེལ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ། ཏང་ཡོན་ལས་བྱེད་པར་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་ལས་སྒྲུབ་ལས་གཏོད་ཀྱི་གཟུངས་མདངས་ཉམས་གསུམ་དང་། དཀའ་གནད་སེལ་བའི་བསམ་ཕྱོགས་གསར་པ། ལས་ཀར་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་པ་བཅས་སུ་འགྱུར་བ་བྱས་ཏེ། “དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འཛུགས་གཏོད་བཞིར”སྐུལ་འདེད་ཡག་པོ་བཏང་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་རྒྱུ་རེད།

    ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལས་ཁུངས་ཀྱི་ལས་ཀའི་དོན་དངོས་ལ་གཞིགས་ཏེ། “སློབ་སྦྱོང་དང་། གསོ་སྦྱོང་། ལག་ལེན། ཏན་ཏིག”བཅས་བྱེད་ཐབས་བཞིར་བརྟེན་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་ལས་སྒོའི་ལྷུ་ཚིགས་ཁག་དང་ཟུང་འབྲེལ་ཧུར་ཐག་བྱས་ཡོད། གཅིག་སྡུད་སློབ་སྦྱོང་དང་། མི་སྒེར་གྱི་རང་སྦྱོང་། ཆེད་དོན་ཟུར་ཁྲིད་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཞིབ་ཀློག་སྤེལ་རེས་གཏིང་ཟབ་བྱས་ཏེ། ཇི་མ་ཇི་བཞིན་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་། གནད་དོན་ལ་དམིགས་ནས་སློབ་སྦྱོང་བཅས་བྱས་ཡོད། ཏང་དོན་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་ཏང་ལ་ཞུགས་པའི་ཧུར་བརྩོན་ཅན་གསོ་སྦྱོང་སོགས་སློབ་གསོ་གསོ་སྦྱོང་ཁྲོད། འཆད་འགྲེལ་ཞིབ་ཚགས་དང་། གྱོད་དཔེར་དབྱེ་ཞིབ། མཉམ་དུ་གྲོས་བསྡུར་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ངོ་བོ་དང་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱས་པ་མ་ཟད། ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ཡོད། མིག་སྔའི་བར། གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་དུས་ཐེངས་4གཉེར་བ་དང་ཏང་ཡོན་ལས་བྱེད་པ་མི་ཐེངས་200ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད། གཞན་ཡང་། སྙིང་གཏམ་གླེང་མོལ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ལས་བྱེད་པའི་རྒྱུན་གཏན་བྱ་སྤྱོད་ཚད་ལྡན་དོ་དམ་ཐུབ་པར་དམ་འཛིན་ཡག་པོ་བྱས་ཡོད། ནང་ཁུལ་གྱི་ནོར་དོན་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། གཞུང་དངུལ་འཛད་སྤྱོད་དང་གཞུང་དོན་སྣེ་ལེན་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་རང་བཤེར་བྱས་ཏེ་ཕྲན་ཆུང་སྔོན་འགོག་དང་སྔ་འཛིན་ཆུང་འཛིན་བྱས་ཡོད།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཁོངས་གཏོགས་ཀྱིས་ཞིབ་འཇུག་འཆར་འགོད་དང་སྒྲིག་འཛུགས་ལག་བསྟར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་ལ་ནུས་ལྡན་ངང་སྤེལ་ཐུབ་པ་བྱས་ཡོད། གྲོང་ཁྱེར་དང་ས་གནས་ཁག་གི་གློག་འདོན་ཀུང་སི་ཁག་གིས་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ཏང་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ལས་དོན་ཆེད་དོན་བཀོད་སྒྲིག་དང་། ལས་ཀའི་ཇུས་གཞི་དང་ལས་འགན་གསལ་ཐོ་ཞིབ་ཚགས་བཟོ་བ། ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ནས་སྤྱི་འདོམས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། གྲོང་ཁྱེར་དང་ས་གནས་ཁག་གི་གློག་འདོན་ཀུང་སིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་དང་། དམིགས་ཚད་ཀྱི་བླང་བྱར་སྟངས་འཛིན། སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་དམིགས་པ། སློབ་སྦྱོང་གི་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་ལ་འགན་ལེན་བྱས་ཡོད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་ཁག་གི་འགན་འཁྲི་ནན་དཀྲིས་བྱེད་པ། སློབ་སྦྱོང་སློབ་གསོ་རྒྱུན་གཏན་གྱི་ལས་དོན་དང་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཅས་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་གློག་ཤུགས་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།