ཚུལ་ངན་རུལ་སུངས་མཉམ་འདྲེས་ཀྱི་གནད་དོན་ཐག་གཅོད་ནན་པོ་བྱས་ནས་ཚུལ་ངན་རུལ་སུངས་ཀྱི་ཐུན་མོང་འབྱུང་རྩ་རྩ་མེད་བཟོ་དགོས།
སྤྱོད་བཟང་དང་། སྒྲིག་ནན། རུལ་རྒོལ་བཅས་གསུམ་ནི་གཅིག་རམ་གཅིག་འདེགས་ཤིག་ཡིན་པས་གཅིག་ཆད་ནའང་མི་འགྲིག སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དང་འབྲེལ་མཐུད་བྱས་ཏེ“མཉམ་བཤེར”ལ་བརྟེན་ནས་ཚུལ་ངན་རུལ་སུངས་ཀྱི་གནད་དོན་ཐག་གཅོད་ནན་པོ་བྱེད་པ་དང“མཉམ་བཅོས”ལ་བརྟེན་ནས་ཚུལ་ངན་རུལ་སུངས་ཀྱི་ཐུན་མོང་འབྱུང་རྩ་རྩ་མེད་བཟོས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་སྒྲིག་བཀུར་ཁྲིམས་སྲུང་དང་བློ་ཁོག་ཆེན་པོས་ལས་སྒྲུབ་ལས་གཏོད་བྱེད་པར་ཁྲིད་སྟོན་དང་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་ཏན་ཏིག་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྔར་བས་མི་སེམས་སུ་ཟུག་པ་དང་ཏང་གི་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་ནམ་ཡང་གནས་པར་བྱེད་དགོས།
ཚུལ་ངན་རུལ་སུངས་ཀྱི་གནད་དོན་ནི་མཉམ་འདྲེས་མཉམ་གནས་ཀྱི་གནད་དོན་ཞིག་རེད། ཚུལ་མིན་སྤྱོད་ཚུལ་ནི་རུལ་སུངས་ཐོན་སའི་གནས་ཡིན་པ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་དུ་སྤྱོད་ཚུལ་ནན་པོ་མ་བྱུང་བ་ལས་ཐོན་གྱི་ཡོད། གྱོད་དཔེ་འབོར་ཆེན་ཞིག་ལས། ཏང་ཡོན་ལས་བྱེད་པ་མི་ཉུང་བ་ཞིག་གིས“ཟ་མ་བཟའ་བ”དང་། “ཆང་རག་འཐུང་བ” “ཅ་ལག་ཉོ་བའི་གཱ་ལེན་པ”བཅས་བྱས་ཏེ་རིམ་བཞིན་འདོད་རྔམ་ཆེ་རུ་ཕྱིན་ནས་རུལ་སུངས་བར་གྱུར་པ་ང་ཚོས་ཤེས་ཐུབ། ཚུལ་མིན་སྤྱོད་ངན་ལས་རུལ་སུངས་ཀྱི་གནད་དོན་ཚབས་ཆེ་རུ་འགྲོ་བ་དང་ཐ་ན་ས་ཆ་གཅིག་དང་ས་ཁོངས་གཅིག་གི་སྤྱོད་ཚུལ་ཇེ་སྡུག་ཏུ་འགྲོ་གི་ཡོད། སྤྱོད་བཟང་ཡོང་བར་བྱེད་པར“སྔ་ས་དང་ཆུང་ས་ནས་དམ་འཛིན”དང་སྐྱོན་རྩ་ཆུང་ཟློག ཚུལ་མིན་སྤྱོད་ཚུལ་གྱི་འབྱུང་རྩ་མེད་པར་བཟོ་བ་བཅས་བྱེད་དགོས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ནི་ཚུལ་མིན་སྤྱོད་ངན་ཤེས་རྟོགས་དང་རུལ་སུངས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཆེད་རེད། ཏང་ཡོན་ལས་བྱེད་པ་མི་སྒེར་རམ་ཡང་ན་ཚན་པའི་མཉམ་སྡེབ་གང་ཞིག་ཡིན་རུང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ནན་པོ་མེད་པ་དང་སྟེས་དབང་གི་བསམ་བློ་ཡོད་ཚེ། ཚུལ་ངན་རུལ་སུངས་ཀྱི་གནད་དོན་ཐོན་སྲིད། སྒྲིག་བཀུར་སྒྲིག་སྲུང་ནི་སློབ་སྦྱོང་བྱེད་པ་ཙམ་དང་། ཉན་པ་ཙམ། བལྟས་པ་ཙམ་མ་ཡིན་པར་ངེས་པར་དུ་དམར་ཐིག་བརྟན་པོར་སྲུང་བ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། བཙན་ཐབས་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གུས་སྐྲག་ཤེས་པ་དང་། བསླབ་བྱ་ལེན་པ། མཐའ་ཚད་སྲུང་བ་བཅས་བྱེད་དགོས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཁྲོད། སྤྱོད་ཚུལ་དང་། སྒྲིག་ཁྲིམས། རུལ་སུངས་བཅས་ཀྱི་གནད་དོན་ལ་མཉམ་བཤེར་མཉམ་བཅོས་བྱས་ཏེ་གཅིག་གྱུར་འཆར་འགོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་བྱེད་པ་དང་ལྐོག་རྔན་བླངས་མཁན་ངེས་པར་དུ་གཙང་སེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བཀག་སྡོམ་ཁུལ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། མཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས“སྟག་སྦྲང”མཉམ་རྡུང་བྱས་ནས་རུལ་སུངས་ཐད་མུ་མཐུད་དམ་བསྒྲགས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་རུལ་སུངས་ཀྱི་གཉའ་གཅོག་དགོས།
རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཡོངས་ཀྱི་བསམ་གཞིགས་འཛུགས་པ་དང་མ་ལག་གི་འདུ་ཤེས་ཟབ་ཏུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་བརྟེན་ནས་ཚུལ་མིན་སྤྱོད་ངན་གཙང་སེལ་དང་རུལ་སུངས་ཀྱི་གནད་དོན་མེད་པར་བཟོས་ནས། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པ་སྲུང་སྐྱོང་བྱེད་དགོས།