འགོ་ཁྲིད་ལ་ཤུགས་སྣོན་དང་། ཇུས་འགོད་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་པ།
བོད་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོ་པོས་སྤེལ་བ།
ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་པས། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དང་མི་སེམས་གཏད་ཕྱོགས་ལ་ལྟ་ཞིབ་བྱེད་པའི་ཆར་བརྟག་ཡོ་བྱད་ཅིག་རེད། ཉིན་ཤས་རིང་། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔེ་ཀློག་འཛིན་གྲྭ་དང་ཆེད་དོན་ཟུར་ཁྲིད་ཀྱི་སྙན་ཞུའི་ཚོགས་འདུ་འཚོགས་པ་སོགས་ཀྱི་རྣམ་པར་བརྟེན་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་། ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་དང་། ཇུས་འགོད་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོ་པོས་སྤེལ་བ་རེད།
སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་པ་ནས་བཟུང་། ལྷོ་ཁ་གྲོང་ཨུད་ཀྱིས“སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། གཅིག་སྡུད་བཅོས་སྒྲིག སྒོ་དབྱེ་སློབ་གསོ”བཅས་ཕྱོགས་བཞི་ལ་དམིགས་ནས། 《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》བཟོས་པ་དང་བྱ་ཐབས་ཞིབ་ཕྲ་ཁག་13ཁ་གསལ་བཟོས་ཏེ། སློབ་སྦྱོང་སློབ་གསོ་དང་ལྟེ་བའི་ལས་དོན་གཉིས་ཀྱི་གནད་དོན་གཅིག་མཚུངས་ལ་ལན་མཉམ་དུ་འདེབས་པ་དང་བསམ་སྤྱོད་གཅིག་མཐུན་ཡོང་བའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)དང་གཞི་རིམ་ཏང་རྩ་འཛུགས་ཁག་གིས་གྲོང་ཨུད་ཀྱི་གོམ་སྟབས་ལ་དམ་པོར་བསྟུན་ནས་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་གྱིས། ལས་ཀའི་ཇུས་གཞི་དང་ལས་ཀའི་འཆར་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་། ཏང་ཨུད(ཏང་ཙུའུ)ཀྱི་ཚོགས་འདུ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”འཚོགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་པ་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་ལས་དོན་ཁག་ཚང་མ་སྤེལ་འགོ་བཙུགས་པ་རེད།
ཚེས་10ཉིན་གྱི་སྔ་དྲོར། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་དང་2025ལོའི་ལོ་འཁོར་གྱི་དུས་ཐེངས་དང་པོའི“བོད་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སློབ་ཚན”འཚོགས་པ་རེད། རང་སྐྱོང་ལྗོངས་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན་དང་རིམ་པ་གཉིས་པའི་མཐོ་རིམ་ལྟ་ཞིབ་དཔོན་ལིའུ་ཧྥུང་ཁྲུན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་པ་དང་། མིག་སྔར་ལྷགས་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས། སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད། ཚོགས་ཞུགས་མི་སྣ་ཚོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། སློབ་སྦྱོང་སློབ་གསོ་དེ་མིག་སྔའི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་གྱིས་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ཤུགས་ཚད་ཡོད་པ། སྒྱུར་བཅོས་ལ་ཕན་འབྲས་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཏེ། སློབ་སྦྱོང་སློབ་གསོའི་ཕན་འབྲས་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
ཚེས་9ཉིན་དང་ཚེས་10ཉིན། ཆབ་མདོ་གྲོང་ཨུད་གཞུང་དོན་ཁང་དང་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་གི་ཏང་ཙུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་མཉམ་དུ་གཉེར་ཏེ། 《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》དང《ཏང་གི་རང་ངོས་གསར་བརྗེའི་སྐོར་གླེང་བ》 ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་བཅས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དེ་སློབ་སྦྱོང་སློབ་གསོའི་མགོ་ནས་མཇུག་བར་ཁྱབ་པ་དང་། དེའི་ནང་གི་རིགས་པའི་གཞུང་ལུགས་ཀྱི་སྙིང་བཅུད་དང་ལག་ལེན་གྱི་བླང་བྱར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་བླངས་པ་རེད། ཚན་ཁག་གི་ཁོངས་མིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་དམིགས་ནས་བགྲོ་གླེང་ནན་ཏན་བྱས་ཏེ། རང་ཉིད་དང་། འགན་འཁྲི། ལས་དོན་བཅས་ལ་བཤེར་འདོན་མཐའ་འཁྱོངས་ཀྱིས་རང་ཉིད་དང་ལས་བགོས་འགན་གཉེར་ཁྱབ་ཁོངས་སུ་ལྷགས་པའི་གནད་དོན་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱས་ཏེ། བསམ་ཚུལ་ཤོད་པ་དང་། ངོས་འཛིན་བརྗོད་པ། མྱོང་ཚོར་གླེང་བ་བཅས་བྱས་ནས་མི་དོན་བསམ་གསུམ་མངོན་པར་བྱས་པ་དང་། དེ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱི་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་བརྒྱུད། གྱོད་དཔེ་དྲངས་ནས་དཔྱད་གཞིར་འཛིན་པ་དང་གྱོད་དཔེ་དྲངས་ནས་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཉེ་འགྲམ་གྱི་དོན་དག་ལ་བརྟེན་ནས་ཉེ་འགྲམ་མིར་སློབ་གསོ་གཏོང་བའི་ཉེན་བརྡའི་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་འགལ་ཉེས་གསོག་ལས་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གནོད་འཚེ་བཟོ་ལུགས་ཚང་མས་ཐད་ཀར་ཤེས་རྟོགས་ཐུབ་པར་བྱས་ཡོད། ཚང་མས་སྒྲིག་ཁྲིམས་སྒྲིག་སྲོལ་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དམར་ཐིག་ལ་མི་རེག་པ་དང་མཐའ་ཚད་ལས་མི་བརྒལ་བ་བྱས་ནས་། སྤྱོད་ཚུལ་བཟང་པོར་བརྟེན་ཏེ་ལས་ཀའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
ཉེ་ཆར། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ནས། མཉམ་སྡེབ་དང་མི་སྒེར་གྱིས་སྔོན་དྲན་དེང་རྟོགས་དང་ཟབ་སྦྱོང་མཐིལ་རྟོགས་བརྒྱུད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་བྱ་སྤྱོད་དངོས་ལ་ཏན་ཏིག་བསྒྱུར་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་བཏང་ཡོད། ལྗོངས་ཚོང་དོན་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ཁྲེན་ཅུན་གྱིས། སྤྱོད་ཚུལ་འཛུགས་སྐྱོང་ནི་ཚོང་དོན་དཔུང་ཁག་གི་གཟུགས་བརྙན་དང་དེ་བཞིན་མང་ཚོགས་ཀྱིས་ཚོང་དོན་དམངས་ཆེད་ཀྱི་མྱོང་ཚོར་དང་གདེང་འཇོག་དང་ཐད་ཀར་འབྲེལ་བ་ཡོད། ཐིང་ཡོངས་ཀྱི་གོང་འོག་ཚང་མས་ཟབ་སྦྱོང་མཐིལ་རྟོགས་ལ་ཤུགས་བརྒྱབ་ནས་སློབ་སྦྱོང་བྱེད་སྟངས་སྣ་ཚོགས་སྤྱད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ཀྱི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་དང་། ཞིབ་བཤེར་གཏིང་ཟབ་དང་གཟབ་འཇུག་ཞིབ་ཕྲའི་ཐད་ཤུགས་བརྒྱབ་ནས་གནད་དོན་ཕྱོགས་ཡོངས་ནས་འཚོལ་ཞིབ་དང་འབྱུང་རྩ་ནས་སྔོག་འདོན་གཏིང་ཟབ་བྱེད་པ་མ་ཟད། ཉེན་བརྡའི་སློབ་གསོའི“གཅིག་རེ་གསུམ”གྱི་བྱེད་སྒོ་སྤེལ་བ་བརྒྱུད་ཏང་ཡོན་ལས་བྱེད་པས་དེ་ཉིད་བསླབ་བྱར་འཛིན་རྒྱུར་ཁྲིད་སྟོན་བྱེད་པ། ཡོ་བསྲང་དང་རྩ་བ་བརྟན་ཚུགས་ཐད་ཤུགས་བརྒྱབ་ཏེ་གནད་དོན་གྱི་གསལ་ཐོར་ཡང་ཡང་བསྡུར་ནས་བཅོས་སྒྲིག་བྱེད་ཐབས་བཟོས་ཏེ་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པ་དང་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བཅོས་སྒྲིག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ། དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པའི་ཐད་ཤུགས་བརྒྱབ་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་དང་ཡོངས་བསྒྲགས་སུ་གནས་ཚུལ་བརྡ་ཁྱབ་བཏང་སྟེ་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད།
རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཐིང་ཁོངས་གཏོགས་ཀྱིས་སློབ་སྦྱོང་སློབ་གསོ་རྒྱ་ཁྱབ་སྤེལ་དགོས་པའི་སྐུལ་སློང་བྱས་པ་དང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཐིང་ཁོངས་གཏོགས་ཀྱི་སློབ་སྦྱོང་སློབ་གསོའི་ལས་ཀའི་ཇུས་གཞི་ཞིབ་བཟོ་བྱས་ནས་ལས་ཀའི་བྱེད་ཐབས་ཁག་15དང་། ལས་ཀའི་བླང་བྱ་ཁག་5ཁ་གསལ་བཏོན་ཡོད། དེའི་རྨང་གཞིའི་ཐོག《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་སློབ་སྦྱོང་སློབ་གསོའི་འཆར་གཞི》ཞིབ་ཕྲ་བཟོས་ནས་སློབ་སྦྱོང་གི་འཆར་གཞི་དང་སྒྲུབ་ཚད་རེའུ་མིག་ཁ་གསལ་བཟོས་ཏེ་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་ཡོད། ཐིང་ཁོངས་གཏོགས་སྡེ་ཚན་ཁག་གི་ཏང་ཨུད་དང་ཐིང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཁག་གིས་མྱུར་དུ་བྱ་སྤྱོད་སྤེལ་ནས་ཏང་ཨུད་ཚོགས་འདུ་དང་། ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ། ཀྲི་པུའི་ཏང་ཡོན་གྱི་ཚོགས་ཆེན་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ་སླར་ཡང་སྐུལ་སློང་དང་སླར་ཡང་བཀོད་སྒྲིག་བྱས་ནས་སྡེ་ཚན་དེ་ག་དང་ཀྲི་པུའུ་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་གཙོ་གནད་ཐོག་སློབ་སྦྱོང་བྱས་ཡོད། དེ་དང་དུས་མཚུངས། གཅིག་སྡུད་བགྲོ་གླེང་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལ་ཆེད་དོན་གསལ་འགྲེལ་བྱས་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མིས་རིགས་པའི་གཞུང་ལུགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་བ་དང་། རང་སྦྱོང་གི་རྨང་གཞིའི་ཐོག་རང་སོ་སོའི་ལས་བགོས་འགན་གཉེར་ཁྱབ་ཁོངས་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ནས་གཅིག་སྡུད་བགྲོ་གླེང་བྱས་ཏེ་ཉམས་མྱོང་སྤེལ་རེས་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། མཉམ་དུ་མཐོར་གཏོང་བཅས་བྱས་ཡོད། ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ཉིད་དང་། འགན་འཁྲི། ལས་དོན་བཅས་ལ་ཞིབ་བཤེར་བྱས་ནས《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》ཇི་མ་ཇི་བཞིན་སློབ་སྦྱོང་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་ཧུར་ཐག་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་། དོན་ཐོག་ཏུ་འཁྱོལ་བ། སེམས་སུ་ཟུག་པ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།