དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-16

    ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བོད་ཀྱི་ཏང་རྩ་འཛུགས་ཁྲི་2.37གྱིས་ཟླ་3པའི་ཟླ་མཇུག་གོང་ཁྱོན་ཡོངས་ནས་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་པ་རེད།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་དམ་ནན་ཡོང་བའི་འགན་ལེན་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ“གཏན་འཁེལ་གཉིས”བློ་རྩ་བརྟན་པོས་སྲུང་སྐྱོང་བྱས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཞིབ་ཕྲའི་བྱ་སྤྱོད་དུ་བརྩིས་ནས། 2025ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་ཏུ་བརྩིས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུང་ཀྲང་ཝང་ཅུན་ཀྲེང་གིས་འགན་འཁྲི་བ་དང་པོའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ་འཕྲལ་མར་བཀོད་སྒྲིག་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞིར་ཞིབ་དཔྱད་དང་གཏན་འཁེལ་ནན་ཏན་གནང་བ་མ་ཟད། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་ནས། ལྗོངས་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་འགོ་འཛུགས་ས་མཐོ་པོ་དང་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་ལ་དམ་འཛིན་ཡག་པོ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་མཉམ་དུ་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ནས་ཞིབ་ཕྲའི་ལས་དོན་འགན་ཁུར་བ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་རྒྱུར་ལྕག་སྐུལ་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཐོག སྤུས་ཚད་མཐོ་པོས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་པ་རེད། ས་ཁུལ་དང་གྲོང་ཁྱེར་7དང་། རྫོང(ཆུས་དང་གྲོང་ཁྱེར)74 རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ཚན་པ113 རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་མཐོ་སློབ། རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་ཏང་ཨུད(ཏང་ཙུའུ)བཅས་ཀྱིས་ལག་བསྟར་ཇུས་གཞིའམ་ལས་ཀའི་འཆར་གཞི་བཟོས་པ་དང་། ལས་ཀའི་ཆེད་དོན་ཚན་ཁག་འཛུགས་པའམ་ཡང་ན་ཆེད་དོན་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་ལས་འགན་ཁག་གི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།

    སྤྱི་འདོམས་འཆར་འགོད་བྱས་ནས་སྐུལ་འདེད་བཏང་སྟེ་ནུས་ལྡན་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱས་ཤིང་། བོད་ཀྱིས《ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བརྡ་ཐོའི》 དགོངས་དོན་ལག་བསྟར་ནན་ཏན་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ལག་བསྟར་ཇུས་གཞི》བཟོས་ནས་བརྗོད་དོན་གཙོ་བོར་དམིགས་རྒྱུ་མཐའ་འཁྱོངས་དང་། སྟབས་བདེ་དངོས་སྒྲུབ། རྒྱུན་གཏན་དང་མཉམ་འདྲེས་དང་རྟག་ཏུ་དམ་འཛིན་མཐའ་འཁྱོངས་ཀྱིས་སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། གཅིག་སྡུད་བཅོས་སྒྲིག སྒོ་ཕྱེ་ནས་སློབ་གསོ་སྤེལ་བ་བཅས་ཀྱི་ནང་གནས་ཀྱི་འབྲེལ་བ་དང་གཏན་ཚིགས་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཕྱོགས་བཞིའི་ཐད་ཀྱི་ཞིབ་ཕྲའི་བྱེད་ཐབས་ཁག་13བཟོས་ནས་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ཡོད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་དྲིལ་བསྒྲགས་གསར་འགྱུར་སྤེལ་གཏོང་གི་ཇུས་གཞི་བཟོས་ནས་དྲིལ་བསྒྲགས་ཀྱི་གཙོ་གནད་དང་། ཞིབ་ཕྲའི་བཀོད་སྒྲིག ལས་ཀའི་བླང་བྱ་བཅས་ཁ་གསལ་བཟོས་ཏེ་དྲང་ཕྱོགས་ནས་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་བྱས་པ་རེད།

    གོང་དཔེ་འོག་སྟོན་མཐའ་འཁྱོངས་བྱས་ནས་མཐོ་ས་ནས་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྣེ་ཁྲིད་ནས་རང་ངོས་ཀྱི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་སྦྱོང་དང་བགྲོ་གླེང་དེ་སློབ་སྦྱོང་སློབ་གསོའི་ལས་འགན་ཨང་དང་པོ་དང་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་གཙོ་རྐང་དུ་བརྩིས་ནས་དཔེ་ཀློག་འཛིན་གྲྭ་གཉེར་བ་བརྒྱུད། ཞིང་ཆེན་རིམ་པའི་ལས་བྱེད་པ་སྒྲིག་འཛུགས་ཀྱིས་དུས་ཚོད་གཅིག་སྡུད་དང་སེམས་རྣལ་ལ་ཕབ་ནས་གཟབ་ནན་གྱི་རྣམ་འགྱུར་ཐོག་ནས《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ། ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་བཅས་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་བླངས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་དང་གསུང་བཤད་གནང་བ་དང་། བློ་མཐུན་ཅང་ཝུན་ཕེང་གིས་ཆེད་དོན་ཟུར་ཁྲིད་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ཞིང་ཆེན་རིམ་པའི་ལས་བྱེད་པ་གཞན་དག་གིས་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་གནང་བ་བཅས་མདོར་ན་ཆབ་སྲིད་ཐད་ཞིབ་དཔྱད་དང་། བསམ་བློའི་ཐད་ཉམས་སད། སྤྱོད་ཚུལ་ཐད་ཞུན་བརྡར་ཐེངས་གཅིག་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་མིག་དཔེ་སྟོན་པ་རེད།

    རིམ་པ་དང་རིགས་དབྱེ་བར་སྣང་ཆེན་བྱས་ནས་དོན་དངོས་དང་མཐུན་པའི་འགན་ལེན་བྱས་ཤིང་། བོད་ཀྱིས་རིམ་པ་དང་། ས་ཁུལ། ཁྱབ་ཁོངས། ལས་རིགས་བཅས་མི་འདྲ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། “ལྡེ་མིག་གཅིག་གིས་སྒོ་ལྕགས་གཅིག་ཕྱེ”ཐུབ་པར་བྱས་ཡོད། ལྗོངས་ཏང་ཨུད་རྩ་འཛུགས་པུས་སྒྲིག་འཛུགས་པ་དང་སྐུལ་འདེད་པ། ཞུགས་པ་པོ། སློབ་གསོ་མྱོང་མཁན་བཅས་ཀྱི“འགན་འཁྲི་ཉིས་བརྩེགས”ཀྱི་འགན་ཡག་པོ་ཁུར་ནས། ལྗོངས་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་ཕན་ཚུན་སྦྲེལ་མཐུད་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་བསྒྱུར་ནས་གོམས་སྲོལ་ཆགས་པར་སྐུལ་འདེད་བཏང་ཡོད། ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་སྲིད་ཇུས་ཞིབ་འཇུག་ཁང་གིས་རྩོམ་སྲོལ་དང་ཚོགས་སྲོལ་ལེགས་སུ་གཏོང་རྒྱུ་དེ་སྤྱོད་ཚུལ་བསྒྱུར་བའི་ནང་དོན་གལ་ཆེན་དུ་བརྩིས་ནས། ཡིག་རིགས་ཀྱིས་ཆབ་སྲིད་ལ་གཞོགས་འདེགས་བྱེད་པའི་ནུས་པ་ཧུར་ཐག་བཏོན་ཡོད། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་འཛིན་གྲྭའི་རིམ་པ་གཙོ་བོའི་སློབ་ཁྲིད་ནང་དོན་དུ་བཅུག་ནས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གཡུལ་ས་གཙོ་བོའི་ནུས་པ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།