ད་གིན་རང་། མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་གྲོལ་འདུག
དེ་རིང་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་ལྷ་སར་གྲོལ་བ་རེད།
འཐུས་མི་ཡོངས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག འཕེལ་རྒྱས་ཀྱི་འཆར་གཞི་ཆེ་མོར་ཐུན་མོང་ཐོག་གྲོས་མོལ་བཅས་བྱས་ཏེ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ། སྙིང་སྟོབས་ཆེན་པོ་བཅས་གང་ལེགས་མངོན་ཡོད།
མཇུག་འགྲིལ་ཚོགས་འདུའི་པར་རིས་བདམས་བཀོད།
↓↓↓
འཐུས་མི་ཡོངས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག འཕེལ་རྒྱས་ཀྱི་འཆར་གཞི་ཆེ་མོར་ཐུན་མོང་ཐོག་གྲོས་མོལ་བཅས་བྱས་ཏེ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ། སྙིང་སྟོབས་ཆེན་པོ་བཅས་གང་ལེགས་མངོན་ཡོད།
ཚོགས་འདུ་འཚོག་རིང་གི་པར་རིས་བདམས་བཀོད།
↓↓↓
ཚོགས་འདུར་ཞུགས་མཁན་འཐུས་མི་རྣམས་ཀྱིས་སྤོབས་སེམས་ཆེན་པོས་ཚོགས་ར་ནས་དོན་ཕེབས་ཏེ་འགན་འཁྲི་གསར་པ་ཕྲག་ཏུ་ཁུར་ནས་རྒྱང་ལམ་གསར་པར་བསྐྱོད་དོ། །