དབུ་ཤོག>ཆེད་སྒྲིག>2025བོད་ཀྱི་ཚོཌ་འདུ་གཉིས>དཔྱད་གཏམ་དང་སྒྲིལ་གླེང་།
  • སེམས་ནུས་གཅིག་སྒྲིལ་གྱིས་ཐབས་ཇུས་བཟང་པོ་འདོན། འབད་འབུངས་ཡར་བརྩོན་གྱིས་རྒྱང་ལམ་གསར་པར་སྐྱོད།

    —— རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་ལྷུག་པོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-22

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.3%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་19.6%འཕར་བ། གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་18.3%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.8%དང་8.3%སོ་སོར་འཕར་བ་སོགས། 2024ལོར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ”གྱིས་འགག་སྒྲོལ་དཀའ་སེལ་དང་སྒྲུབ་ཕོད་ལ་རྗེས་ཐོན་པ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“སྣ་འདུས་ཐབས་བཟང”རབ་དང་རིམ་པ་བཏོན་པ་དང་དཔལ་འབྱོར་བརྟན་ཁྲོད་ཡར་འཕེལ་དང་ཡར་འགྲོ་ལེགས་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། འབད་བརྩོན་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་མི་སེམས་ལ་སྐུལ་མ་ཐེབས་པའི་ཕུལ་བྱུང་རྒྱུགས་ལན་ཞིག་ཕུལ་ཡོད།

    ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོ་ལྷ་སར་ལྷན་དུ་འཛོམས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་གསར་པ་བསྣམས་ནས་འགན་འཁྲི་ནན་ཏན་ངང་ཁུར་བ་དང་། ཐབས་དང་ཇུས་ཧུར་ཐག་འདོན་པ། འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོར་ཐུན་མོང་ཐོག་གྲོས་མོལ་བཅས་གནང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ནག་ཆུ་གྲོང་ཁྱེར་སོག་རྫོང་རྒྱལ་ཆེན་ཤང་རྨོ་ནང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མར་མཚོས“ཚོགས་འདུ་གྲོལ་རྗེས་ངས་རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་མང་ཚོགས་ཚང་མར་བརྒྱུད་སྤྲོད་བྱས་ཏེ། མུ་མཐུད་གྲོང་ཚོ་ཡོངས་ཀྱི་སྣེ་ཁྲིད་ནས་ཐོན་ལས་འཕེལ་རྒྱས་བཏང་སྟེ་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན”ཞེས་གསུངས།

    གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་སྲིད་ཇུས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཇི་ལྟར་སྒྱུར་དགོས་སམ།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་བོད་ལྗོངས་ཡན་ལག་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ཅང་ཧྥེང་གིས“ཆུ་ཚད་མཐོན་པོས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་པར”དམིགས་ཏེ་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཆུ་ནུས་དང་། རླུང་ནུས། འོད་ནུས། ཚ་ནུས་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་ནི་འགག་གནད་སྒྲོལ་ས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་འཛིན་གནང་།

    “ནུས་རྒྱུ་གཙང་མ་ནི་བོད་ཀྱི‘ཐོན་ལས་ཆེན་པོ་དགུའི’གྲས་ཤིག་ཡིན་པའི་ཆ་ནས། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཚེ་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་ནུས་པ་ནི་དཔག་ཏུ་མེད་པ་ཞིག་རེད”“འཐབ་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ནས་བོད་ཀྱི་ནུས་རྒྱུ་གཙང་མ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱེད་དགོས”ཞེས་པའི་གྲོས་གཞིར་དམིགས་ཏེ། ཅང་ཧྥུང་གིས་ལྗོངས་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ནས་ཚོང་འགུགས་མ་འདྲེན་དང་། ཐོན་ལས་ལེ་ལག་ཚང་སྒྲིག སྲིད་ཇུས་ཀྱི་རྒྱབ་སྐྱོར། སྒྲིག་སྲོལ་ལམ་སྲོལ་སོགས་ཀྱི་ཐད་སྒྱུར་བཅོས་གསར་གཏོད་བྱས་ནས་བོད་ཀྱི་ནུས་རྒྱུ་གཙང་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    འདས་ཟིན་པའི་ལོ་གཅིག་རིང་། རང་ལྗོངས་ཀྱིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ་ཞིང་འབྲོག་ལས་ཀྱི་སྤུས་འབྲས་ལེགས་གཉེར་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་མཐའ་འཁྱོངས་བྱས་པས། འབྲུ་རིགས་ཐོན་འབབ་ཏུན་ཁྲི་110ལྷག་ཙམ་ཟིན་ཡོད། འབྲུ་རིགས་ལ་ལོ་ལེགས་བྱུང་བ་དེ་ནི་ནས་སོན་སྤུས་ལེགས་ཁྱབ་གདལ་ཤུགས་ཆེན་བཏང་བའི་གྲུབ་འབྲས་དང་ཁ་འབྲལ་ཐབས་མེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཞིས་རྩེ་གྲོང་ཁྱེར་ཞིང་འབྲོག་ལས་ཚན་རིག་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ཀྱི་མཐོ་རིམ་ཞིང་ལས་ཚན་རིག་པ་ཟླ་བ་བཀྲ་ཤིས་ཀྱིས“ཧི་མ་ལ་རིགས་འབྲེལ”གྱི་དཔྱིད་ནས་ཀྱི་ནས་སོན་དང་། མྱང་ཆུའི་རིགས་འབྲེལ་གྱི་པད་ཁའི་པད་སོན། “ཨེ་མ་སྒང་ཞོག་ཁོག་དང་གཞིས་རྩེ”རིགས་འབྲེལ་གྱི་ཞོག་སོན་བཅས་ཀྱི་སོན་བཟང་རྒྱུད་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་སྔར་བས་དམ་འཛིན་ནན་པོ་བྱས་ཏེ། ཐོན་འབབ་མཐོ་ཞིང་ལས་ཕྱོད་ཆེ་བའི་འདེབས་གསོའི་ལག་རྩལ་གྱི་རྣམ་པ་འཚོལ་ཞིབ་བྱས་ནས་སོན་གསར་པ་ཚོད་ལྟ་དང་དཔེ་སྟོན་ཁྱབ་གདལ་གཏོང་བ་བརྒྱུད་ལྗོངས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དང་ཐོན་འབབ་བརྟན་པོ་དང་ཐོན་འབབ་འཕར་བར་སོན་ཁུངས་ཀྱི་འགན་སྲུང་བྱེད་ཀྱི་ཡིན་ཞེས་གསུངས།

    “དངུལ་རྩའི་སྡེ་ཚན་གྱིས་གཞི་ཁྱོན་ཆེ་བའི་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། གཞི་ཁྱོན་ཆེ་བའི་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་དགོས”ཞེས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཚོགས་ཆུང་གི་གྲོས་བསྡུར་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཡུས་ཀྱིས་གཏམ་བཤད་ལྷུག་པོར་གནང་ནས་ཐབས་དང་ཇུས་ཧུར་ཐག་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།