དབུ་ཤོག>ཆེད་སྒྲིག>2025བོད་ཀྱི་ཚོཌ་འདུ་གཉིས>ཚོགས་འདུའི་གྲོས་གཞི།
  • གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚེ་རིང་རྡོ་རྗེས་གསུངས་དོན།

    དར་རྒྱས་ཀྱི་ལམ་བུར་གོམ་སྟབས་བརྟན་པོས་སྐྱོད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-22

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་ནས་ཡོང་བའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་ཨང་དང་པོ་གཅིག་ལྕོགས་ཚེ་རིང་རྡོ་རྗེ་ཟེར་བ་ཞིག་ཡོད། 2024ལོའི་ཟླ་5པར། ཁོང་གིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་གྲོང་གསེབ་ལ་དགའ་ཞེན་དང་འགན་འཁྲི་སེམས་ལ་བཅངས་ཏེ་བཅའ་སྡོད་བྱ་ཡུལ་དུ་བསྐྱོད།

    ལོ་གཅིག་རིང་། ཚེ་རིང་རྡོ་རྗེ་མཚོ་སྨད་གྲོང་ཚོའི་གང་སར་བསྐྱོད་པ་དང་། ཁོང་གྲོང་ཚོ་ཡོངས་ཀྱི་དུད་ཚང་289ཡི་ཡུལ་མི་1032དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་ཁོང་ཚོའི་སྙིང་གཏམ་ཉན་ཏེ་འཚོ་བར་རྒྱུས་ལོན་བྱས་ཡོད། དམངས་ཕན་འབྲེལ་གཏུག་གཱ་སྤྲོད་པ་དང་། ཡུལ་མིའི་ཚོགས་ཆེན་འཚོག་པ། དུད་ཚང་དུ་འཚམས་འདྲིར་སྐྱོད་པ་སོགས་ནི་ཁོང་གིས་ཡུལ་མི་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་དུ་གྱུར་ཡོད་ལ། དེས་ཀྱང་ཁོང་ལ་མཚོ་སྨད་གྲོང་ཚོའི་ཡིད་དབང་འཕྲོག་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཟབ་མོ་ཚོར་ཡོད།

    ཚེ་རིང་རྡོ་རྗེའི་སྣེ་ཁྲིད་འོག་མཚོ་སྨད་གྲོང་ཚོའི་འཕེལ་རྒྱས་ལ་སྐྱེ་སྟོབས་གསར་པ་རྒྱས་ཤིང་། ཁོང་གིས“མཚོ་སྨད་ཀྱི་གདོང་ལེན་པའི”གྲོང་ཚོ་རིམ་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་པ་དང་དམངས་ཕན་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་ཡུལ་མི་ཚོར་སྟབས་བདེ་ཞིང་མྱུར་ལ་འཐུས་སྒོ་ཚང་བའི་ཞབས་འདེགས་ཞུས་ཡོད། དྲི་བར་ལན་རྒྱག་པའམ་ཡང་ན་རོགས་རམ་གང་ཞིག་བྱས་ཀྱང་། རྟག་ཏུ་འཛུམ་མདངས་འཕྱུར་ཞིང་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་ཁོང་ཚོའི་ལས་ཀ་བྱེད་སྟངས་ལ་ཡུལ་མི་ཚོའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཚེ་རིང་རྡོ་རྗེར་དེ་བས་འཆར་གཞི་ཆེན་པོ་ཞིག་ཡོད་ཅིང་། ཁོང་གིས་མཚོ་སྨད་གྲོང་ཚོའི་དོན་དངོས་གནས་ཚུལ་དང་ད་ཡོད་ཀྱི་ཐོན་ཁུངས་ལ་གཞི་བཙུགས་ཏེ་རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དང་ལྷ་ས་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་ཟུང་འབྲེལ་བྱས་ནས། གྲོང་ཚོའི་ཚོགས་ཆུང་གི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་རྩིས་ཡོད། ཚེ་རིང་རྡོ་རྗེས“ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། 2025ལོར་རང་ལྗོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་ཡིན་ལུགས་བསྟན་ཡོད་པས། ངའི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང་། ངས་མངོན་མིན་རིག་གནས་ཤུལ་བཞག་དང་མཉམ་སྡེབ་དཔལ་འབྱོར་ཕན་ཚུན་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏོང་སྟངས་མུ་མཐུད་འཚོལ་ཞིབ་དང་རྒྱུན་འཛིན་བྱས་ཏེ། ཡུལ་མི་ཚོར་ལས་ཞུགས་ཀྱི་གོ་སྐབས་དང་འབབ་འཕར་གྱི་ཐབས་ལམ་དེ་བས་མང་བ་བཏོད་ནས་ཁོང་ཚོར་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་ཀྱི་ཡིན”ཞེས་འཛུམ་དམུལ་དམུལ་ངང་གསུངས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།