དབུ་ཤོག>ཆེད་སྒྲིག>2025བོད་ཀྱི་ཚོཌ་འདུ་གཉིས>ཚོགས་འདུ་གཉིས་ཀྱི་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-22

    ཚེས་21ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་ནས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བའི་ཚོགས་ཆེན་སོགས་ཀྱི་དགོངས་དོན་སློབ་སྦྱོང་གནང་བ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་རེད།

    ཚོགས་ཆུང་ཁག་གི་གྲོས་བསྡུར་བྱེད་རིང་ཨུ་ཡོན་ཚོས་སོ་སོའི་དགོངས་ཚུལ་གསུངས་པ་དང་གཏམ་བཤད་ཚ་ཚ་འུར་འུར་གནང་ནས་རང་འཁྲིའི་ལས་ཀ་དང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཟུང་འབྲེལ་གྱིས་གྲོས་བསྡུར་ནན་ཏན་གནང་བ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་སྐབས་ཨུ་ཡོན་ཚོས། ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་དངོས་ཡོད་ཀྱི་གྲངས་གཞི་རེ་རེ་དང་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་འདས་ཟིན་པའི་ལོ་གཅིག་རིང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པ་དང་ལྷག་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་ཆབས་ཅིག ལོ་གསར་པའི་ཁྲིམས་ཁང་ལས་དོན་གྱི་བསམ་ཕྱོགས་ཁ་གསལ་བཟོས་ཡོད་པས། མི་སེམས་ལ་སྐུལ་མ་ཐེབས་པ་དང་སེམས་ཤུགས་རབ་ཏུ་འཕེལ་བ་ཞིག་ཡོད་པའི་ངོས་འཛིན་གནང་བ་རེད།

    ཨུ་ཡོན་ཚོས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་ཞིང་། ཚང་མས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་ཁ་གསལ་བ་དང་། གྲངས་གཞི་ཞིབ་ཅིང་ཕྲ་བ། གྱོད་དཔེ་དཔེ་མཚོན་ལྡན་པ་བཅས་ཡོད་པ་དང་ལྷག་པར་དུ་གྱོད་སྒྲུབ་ཀྱི་སྤུས་ཕན་ཆེར་གཏོང་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དམངས་ཆེད་ཁྲིམས་འཛིན་སོགས་ཀྱི་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ། གྱོད་གཞི་ཆེ་གྲས་དང་། གནད་ཆེའི་གྱོད་གཞི། དཔེ་མཚོན་གྱི་གྱོད་གཞི་བཅས་མང་པོ་བསྒྲུབས་ཡོད་ལ། ལས་དོན་ལ་གྲུབ་འབྲས་གསར་པ་མང་པོ་ཐོབ་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།