དབུ་ཤོག>ཆེད་སྒྲིག>2025བོད་ཀྱི་ཚོཌ་འདུ་གཉིས>ཚོགས་འདུ་གཉིས་ཀྱི་ཆེད་རྩོམ།
  • “བརྟན་པོའི”ཁྲོད་དུ་གནས་བབ་གསར་པ་རྒྱ་བསྐྱེད་དང“འཕེལ་རྒྱས”ཁྲོད་དུ་འབྱུང་འགྱུར་གཏོད་ཀྱི་ཡིན།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་བསམ་གྲུབ་ཚེ་རིང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-21

    འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་བསམ་གྲུབ་ཚེ་རིང་ཡིན་པ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་བསམ་གྲུབ་ཚེ་རིང་གིས་གསུངས་དོན། 2025ལོར་ལྷོ་ཁ་གྲོང་ཁྱེར་གྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ།“མ་འཇོག་སྐུལ་ཁྲིད་དང་། ཐོན་ལས་སྐུལ་སྤེལ། ས་ཁོངས་མཉམ་སྒུལ། སྒྱུར་བཅོས་འདེད་སྐུལ། དམངས་འཚོ་སྔོན་སྤེལ། བདེ་འཇགས་མཉམ་འགུལ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ། ཚད་གཞི་དང་བསྡུར་ནས་ཧེ་བག་འཚོལ་བ། དེ་མཚུངས་ཀྱིས་འགག་སྒྲོལ་ལ་དམ་འཛིན། བློ་རྩེ་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། གྲངས་གནས་འཕར་བ་དང་ཚད་བརྒལ་བརྩོན་ལེན་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྩིས་སྤྲད་པའི་ལས་འགན་ཁག་ལེགས་སྒྲུབ་བྱེད་ཀྱི་ཡིན། གཅིག་ནས་བདེ་འཇགས་དང་བརྟན་ལྷིང་ལ་དམ་འཛིན་བྱེད་རྒྱུ་ཡིན་ཞིང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། འདུ་ཤེས་འཛིན་སྟངས། བདེ་འཇགས་ཐོན་སྐྱེད་སོགས་ཁྱབ་ཁོངས་འབུར་དུ་ཐོན་པ་བྱས་ཏེ་དཀའ་ངལ་ལ་ཚོད་དཔག་གང་ལེགས་བྱེད་པ་དང་། ཉེན་ཁར་བསམ་བློ་སྔར་བས་གཏིང་ཟབ་གཏོང་བ། ཁ་གཏད་གཅོག་ཐབས་སྔར་བས་བཀོད་སྒྲིག་ཞིབ་ཚགས་བྱེད་པ་བཅས་བྱས་ཏེ། རང་ངོས་ཀྱིས་བྱས་རྗེས་འཇོག་པའི་བརྟན་ལྷིང་རང་བཞིན་ལ་བརྟེན་ནས་མདུན་སྐྱོད་ལམ་གྱི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་མཐའ་གཅིག་ཏུ་གཅོག་རྒྱུ། གཉིས་ནས་མ་འཇོག་དང་འཛད་སྤྱོད་ལ་དམ་འཛིན་བྱེད་རྒྱུ་ཡིན་ཞིང་། རིམ་པ་ཁག་དང་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། ལྟ་འདོམས་དང་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། གནོན་ཤུགས་དང་འགན་འཁྲི་བརྒྱུད་སྤྲོད་བཅས་བྱས་ཏེ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་15%ཡན་འཕར་སྣོན་ཡོང་བར་བརྩོན་ལེན་བྱ་རྒྱུ། བཅད་གྲངས་ཡན་གྱི་ཁེ་ལས་མུ་མཐུད་དུ་གསོ་སྐྱོང་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ། དུས་ཆེན་དཔལ་འབྱོར་དང་། གླིང་ཁའི་དཔལ་འབྱོར། འགྲན་བསྡུར་དཔལ་འབྱོར་སོགས་འཕེལ་རྒྱས་གཏོང་རྒྱུ། གསུམ་ནས་ཐོན་སྐྱེད་ནུས་ཤུགས་གསར་མར་དམ་འཛིན་བྱེད་རྒྱུ་ཡིན་ཞིང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར་དམིགས་ནས་སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་དང་ལེགས་ཆའི་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་མ་ཟད། མ་འོངས་པའི་ཐོན་ལས་འཆར་འགོད་བཀོད་སྒྲིག་ཀྱང་བྱས་ཏེ། ལྷོ་ཁ་འདི་ཉིད་ལྗོངས་ཡོངས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་ལག་ལེན་བྱ་ཡུལ་གལ་ཆེན་ཞིག་ལ་འགྱུར་རྒྱུའི་འབད་བརྩོན་བྱེད་པ་དང་། ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྷོ་ཁའི་སྟོབས་ཤུགས“གསར་པ”ལེགས་སྐྱེས་འབུལ་རྒྱུ། བཞི་ནས་དམངས་འཚོ་དང་དམངས་ཕན་ལ་དམ་འཛིན་བྱ་རྒྱུ་ཡིན་ཞིང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་མངོན་གསལ་དོད་དུ་བཏང་ནས་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ། སློབ་གསོའི་ལེགས་ཆ་བསྐྱར་དུ་གཏོད་པ། སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པ་སོགས་ཀྱི་ཐད་གཙོ་གནད་ཐོག་འབད་བརྩོན་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི“དམངས་འཚོའི་དོན་དངོས་བཅུ”ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་གི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།