དབུ་ཤོག>ཆེད་སྒྲིག>2025བོད་ཀྱི་ཚོཌ་འདུ་གཉིས>ཚོགས་འདུ་གཉིས་ཀྱི་ཆེད་རྩོམ།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅང་མེའོ་མེའོ་ཡིས་གསུངས་དོན།

    ཨུ་ཡོན་གྱི་འགན་འཁྲི་ཡག་པོ་ཁུར་ནས་མི་སེར་གྱི་བདེ་ཐང་སྲུང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-21

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅང་མེའོ་མེའོ་ཡིན་པ།

    “སྨན་དོན་ལས་ཀ་ནི་ནད་བཅོས་སྲོག་སྐྱོབ་བྱེད་པ་ཙམ་མ་ཟད་དྲོ་སྐྱིད་དང་རེ་བ་བརྒྱུད་སྤྲོད་བྱེད་པ་ཞིག་དེ་བས་ཀྱང་ཡིན”ཞེས་ལས་ཀར་ཞུགས་ཚུན་གྱི་གྲུབ་འབྲས་སྐོར་གླེང་སྐབས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཅང་མེའོ་མེའོ་ཡིས་འདི་ལྟར་གསུངས།

    2018ལོའི་ཟླ་11པར་ཅང་མེའོ་མེའོ་སློབ་ཆེན་ཐོན་རྗེས་དཔའ་ཤོད་རྫོང་མཁར་བ་འཕེལ་ཁྱིམ་ཤང་འཕྲོད་བསྟེན་ཁང་དུ་རྒྱུགས་འཕྲོད་ནས་ལས་ཀར་ཞུགས། ཆ་མེད་རྒྱུས་མེད་ཀྱི་ས་མཐོའི་ལུང་ཁུག་ཏུ་ཐོག་མར་སླེབས་སྐབས་ཁོང་བློ་མི་བདེ་བ་དང་ཐ་ན་རང་ཉིད་ཀྱི་གདམ་ག་ལའང་ཐེ་ཚོམ་སྐྱེ་མྱོང་ཡོད།

    2019ལོར། ཅང་མེའོ་མེའོ་ཤང་འཕྲོད་བསྟེན་ཁང་ནས་དཔའ་ཤོད་རྫོང་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་ཏུ་ལས་སྒྱུར་བྱས། ལས་གནས་གསར་པའི་ཐོག་ཁོང་གིས་ཆེད་ལས་ཤེས་བྱ་དེ་བས་མང་བ་ཤེས་པ་མ་ཟད། བློ་སེམས་མཐུན་པའི་ལས་རོགས་མང་པོ་འཕྲད། “སྨན་པའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ནས་མི་དམངས་ཀྱི་བདེ་ཐང་སྲུང་མཁན་ཡག་པོ་ཞིག་བྱེད་ཀྱི་ཡིན”ཞེས་པ་དེ་ཅང་མེའོ་མེའོ་ཡི་དད་སེམས་དང་རེ་སྙེག་ཅིག་ཏུ་གྱུར།

    2024ལོར། ཁོང་གིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག“དཔའ་ཤོད་རྫོང་སྨན་བཅོས་ཁོངས་གཏོཌ་ཀྱི་དྲོད་རླངས་མཁོ་འདོན་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ”བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་དང་ལེན་ཧུར་ཐག་བྱས་ཡོད། ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་ཁོང་གིས་གྲོས་གཞི་གསར་པ་སྟེ“སྨན་བཅོས་ཆེད་ལས་ཀྱི་ལག་རྩལ་པའི་གོ་མིང་འཕར་བའི་གནད་དོན་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་སྐོར་གྱི་བསམ་འཆར་དང་གྲོས་འགོ”

    བཏོན་ནས། གཞི་རིམ་གྱི་སྨན་བཅོས་ཤེས་ལྡན་པ་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་ཐབས་དང་ཇུས་ཧུར་ཐག་བཏོན་ཡོད།

    སླད་ཕྱིན་གྱི་འགན་སྒྲུབ་འཆར་གཞིའི་སྐོར་གླེང་སྐབས་ཅང་མེའོ་མེའོ་ཡིས། གཞི་རིམ་གྱི་སྨན་བཅོས་ལས་དོན་ཁག་ལ་མུ་མཐུད་དོ་ཁུར་བྱས་ཏེ། གྲོས་འགོ་དེ་བས་མང་བ་དང་དེ་བས་ལེགས་པ་བཏོན་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།