དབུ་ཤོག>ཆེད་སྒྲིག>2025བོད་ཀྱི་ཚོཌ་འདུ་གཉིས>དཔྱད་གཏམ་དང་སྒྲིལ་གླེང་།
  • འགན་འཁྲི་ལས་འགན་བློ་ལ་བརྟན་པོར་ངེས། འབད་འབུངས་མདུན་སྐྱོད་ལེའུ་གསར་མུ་མཐུད་བརྩམས།

    —— རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2024ལོའི་ལས་ཀའི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-19

    2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བའི་ལོ་རེད་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་45འཁོར་བའི་ལོའང་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་དང་འཕེལ་རྒྱས་གཏོང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱས་པས། ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་ཏན་ཏིག་བྱས་པ།

    འདས་ཟིན་པའི་ལོ་གཅིག་ནང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གིས་ཕྱོཌ་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་སར་ཁྱབ་པར་བྱས་ཏེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོཌ་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ཏང་ཙུའི་ཚོགས་འདུ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། “བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སློབ་ཁང”གི་སློབ་སྦྱོང་གྲོས་གཞི་བཅས་ཀྱི་ནང་མཉམ་འདྲེས་ཀྱིས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལྟེ་བའི་སྤྱི་ཡོངས་ལ་དམིགས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི“གཙོ་གནད་གཅིག་དང་འཆར་གཞི་གསུམ”ལ་འཆར་འགོད་དང་སྐུལ་འདེད་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ལ་འགན་ལེན་བྱས་ཡོད།

    ལྟ་སྐུལ་གྱི་འགན་དབང་བེད་སྤྱོད་ཏན་ཏིག་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་གྱི་བཙན་ཞིང་ནན་པའི་ཕན་འབྲས་ཆེ་རུ་མུ་མཐུད་བཏང་བ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་བརྟག་ཞིབ། གྲོས་ཞིབ་ལས་དོན་གྱི་སྙན་ཞུ་གསན་པ་སོཌ་ལྟ་སྐུལ་བྱེད་སྟངས་ལ་སྤྱི་འདོམས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ལྟ་སྐུལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགལ་བ་དང་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“འགྱུར་སྐུལ་རྫས”བསྣན་ཡོད།

    ཁྲིམས་སྒྱུར་ཞིབ་བཤེར་གྱི“ལྟ་སྐུལ་གྱི་རལ་གྲི”བེད་སྤྱོད་ཡག་པོ་བྱས་ཤིང་། དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས་དང་དེའི་ལག་བསྟར་བྱེད་ཐབས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ། ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོཌ་འགན་སྲུང་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ། བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་དང་དེའི་ལག་བསྟར་བྱེད་ཐབས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ་ཁྲིམས་སྐྱོང་སྟོབས་ཤུཌ་ལ་བརྟེན་ནས་ཕོ་མོ་འདྲ་མཉམ་གྱི་ཁྲིམས་སྐྱོང་ཁོར་ཡུག་སྲ་བརྟན་དུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་དང་། མངོན་འགྱུར་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པའི་སྤྱི་ཚོཌ་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

    ཆེད་དོན་བརྟག་ཞིབ་ཀྱི“གཏན་འཇགས་བྱ་སྤྱོད”ཡག་པོ་སྤེལ་ཞིང་། “འདུ་ཤེས་གསུམ”གྱི་སློབ་གསོའི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱེད་པ་དང་། “ཕྱིར་སྡོད་རང་མིའི་ལས་དོན་གྱི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རམ་འདེགས་བྱེད་པ”དང་ཕྱིར་སྡོད་རང་མིའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་གཙོ་གནད་དང་དཀའ་གནད་སོགས་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ། ཕྱིར་སྡོད་རང་མིའི་ཁེ་དབང་སྲུང་སྐྱོང་གི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་པའི་འཚོལ་ཞིབ་དང་ལག་ལེན་གྱི་ཉམས་མྱོང་གསོག་འཇོག་བྱས་པ་དང་། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་བེད་སྤྱོད་དང་དོ་དམ་གནས་ཚུལ་དང་། ཞིང་འབྲོག་པའི་ངལ་ནུས་ལས་ཞུགས་གནས་ཚུལ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སོགས་ལ་དམིགས་ནས་ཆེད་དོན་བརྟག་ཞིབ་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཏན་ཏིག་བསྒྱུར་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དང་། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན། ལྷ་ཀླུ་འདམ་རའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། གཙོ་གནད་ཐོག་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཁག་གཅིག་གི་ད་ལྟའི་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་གི་ཐེག་ཤུགས། སྐྱི་བ་ཤིང་གི་སྐྱེ་ཁམས་སླར་གསོ་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བཅས་བྱེད་པ་དང་། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད——བོད་དུ་སྐྱོད་པའི་བྱེད་སྒོ་སྤེལ་བ། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཡོད།

    སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བའི“གཏན་འཁེལ་བྱ་སྤྱོད”མཐའ་འཁྱོངས་ཡག་པོ་བྱས་ཤིང་། འཆར་གཞི་དང་། སྔོན་རྩིས་སྡོམ་རྩིས་སྙན་སྒྲོན། རྩིས་བཤེར་ལས་དོན་སྙན་སྒྲོན། རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་ཚུལ་གྱི་སྙན་སྒྲོན། གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་སྒྲོན། དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སོགས་ཀྱི་ཆེད་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུཌ་སྐྲུན་བྱས་ཚུལ་གྱི་ཆེད་དོན་ལས་ཀའི་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ། 2023ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོང་ལས་ཀའི་གནས་ཚུལ་བཅས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་བརྟག་ཞིབ་སྙན་སྒྲོན་སོགས་གསན་པ་དང་གྲོས་ཞིབ་གནང་བ། ལྗོངས་ཡོངས་ཀྱི“བརྒྱད་ལྔ”བཅའ་ཁྲིམས་ཁྱབ་གདལ་གྱི་དུས་དཀྱིལ་གྱི་ལས་དོན་དང“ཁང་གཉིས”ཀྱི་སྲིད་འཛིན་འདྲི་གཅོད་དང་སྲིད་འཛིན་ཞིབ་དཔྱོད་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ་བཅས་བྱས་པ་རེད།

    འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྦྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་གང་ལེགས་བཏོན་པ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་མཐའ་འཁྱོངས་བྱས་ཏེ། ལམ་ལུགས་འཁོར་རྒྱུག་ཚད་ལྡན་དུ་གཏོང་བ་དང་འཐུས་མིའི་འགན་འཁྲི་སྒྲུབ་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་ནས་འཐུས་མིའི་འགན་འཁྲི་སྒྲུབ་པའི་ལས་སྟེགས་སྟོབས་ཆེར་གཏོང་བའི་བར། འཐུས་མིའི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། འཐུས་མིའི་ལས་ཀའི་འཇོན་ཐང་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྔར་བས་ཡག་པོ་ཁུར་བར་རྒྱབ་སྐྱོར་དང་འགན་ལེན་ཏན་ཏིག་བཅས་བྱས་ཏེ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་རྒྱུ་དེ་མི་དམངས་རང་ཁྱིམ་རང་བདག་གི་མཚོན་ཚུལ་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་པ་རེད།

    “འབྲེལ་བ་གཉིས”དོན་འཁྱོལ་བྱས་པར་ཕན་འབྲས་ཐོན་ཞིང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འབྲེལ་གཏུག་བྱེད་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། འབྲེལ་གཏུག་བྱེད་པའི་ཐབས་ལམ་དང་བྱེད་སྟངས་རྒྱ་ཆེར་བཏང་ནས། འཐུས་མི་གདན་དྲངས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུཌ་དང་། ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་སོགས་ཀྱི་བྱེད་སྒོར་ཞུགས་པ། འཐུས་མིས“གཞུང་གཅིག་ཨུད་གཅིག་ཁང་གཉིས”དང་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུར་རྒྱབ་སྐྱོར་དང་ཞབས་འདེགས་ཧུར་ཐག་ཞུས་ཏེ་འབྲེལ་གཏུག་ངོ་མ་བྱས་པ་དང་ཕན་འབྲས་ངོ་མ་ཐོན་ཡོད་པ་རེད།

    མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅིང་། འཐུས་མིའི་ལས་ཀའི་འཇོན་ཐང་གསོ་སྐྱོང་དང་འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས་ནས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ཀྱི་གྲོན་དངུལ་དོ་དམ་བྱེད་ཐབས་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་། འཐུས་མིའི་དྲ་ཐོག་དང་དྲ་ཕྱིའི་སློབ་སྦྱོང་གསོ་སྦྱོང་འཛིན་གྲྭ་ཐེངས་4སྒྲིག་འཛུགས་དང་གཞི་རིམ་ཞིང་འབྲོག་པའི་འཐུས་མི་དང་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་སློབ་སྦྱོང་དང་རྟོག་ཞིབ་ལ་ཁག་ཐེངས་2བསྐྱོད་པ། ལོ་ཧྲིལ་པོར་འཐུས་མི་230ལྷག་ཙམ་དྲ་ཕྱིའི་སློབ་སྦྱོང་གསོ་སྦྱོང་དང་རྟོག་ཞིབ་བྱེད་སྒོར་ཞུགས་པ། རིམ་ཁག་འཐུས་མི་ཁྲི་1.5ཙམ་དྲ་ཐོག་སློབ་སྦྱོང་གསོ་སྦྱོང་འཛིན་གྲྭར་ཞུགས་པ་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་རྨང་གཞིའི་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་ཡོད།

    རྒྱང་ལམ་གསར་པར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ་དང་ལས་འགན་སྒྲུབ་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་ཡག་པོ་དང་། དུས་བསྟུན་འཕེལ་རྒྱས་ཀྱིས་འཐུས་སྒོ་ཚང་དུ་གཏོང་བ། གཞུང་འཁྱོངས་གསར་འབྱེད་ཀྱིས་འཁོར་རྒྱུག་ཡག་པོ་བཅས་བྱས་ནས། བརྟན་ཁྲོད་ཡར་འཕེལ་གྱིས་མི་དམངས་འཐུས་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།