རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྲོས་གཞི་411འབྱོར་བ།
གསར་འགོད་པར་ཚེས་18ཉིན་གྱི་སྔ་དྲོར་འཚོགས་པའི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་ཁྱོན་གྲོས་གཞི་ཁག་411འབྱོར་བ་དང་། ཞིབ་དཔྱད་བྱས་པ་བརྒྱུད་གྲོས་གཞི་399སྒྲུབ་ཁོངས་སུ་བཅུག་ནས་ཚང་མར་སྒྲུབ་ལན་བསློགས་ཟིན་ཡོད།
འདས་ཟིན་པའི་ལོ་གཅིག་ནང་། རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ནང་ཞུཌ་མཁན་ཚན་པ་ཁག་དང་ཆེད་དོན་ཨུ་ལྷན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། གྲོས་གཞིར་བརྟེན་ནས་གྲོས་འགོ་ཡག་པོ་བཏོན་པ་དང་། ཐབས་ཇུས་གནད་འཁེལ་བཏོན་པ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་ཧུར་ཐག་གནང་ཡོད།
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་དམིགས་ཏེ་གྲོས་མོལ་དང་གྲོས་འགོ་བཏོན་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་ཞིང་། ཨུ་ཡོན་ཚོས“མོས་སེམས་ལྔ”ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ལ་དམ་པོར་དམིགས་ནས་གྲོས་གཞི་36བཏོན་པ་དེས་བསྡོམས་འབོར་གྱི་9.02%ཟིན་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་ཐབས་འདོན་ཇུས་འབུལ་གནང་ཡོད།
ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་དམ་པོར་དམིགས་ཏེ་གྲོས་མོལ་དང་གྲོས་འགོ་བཏོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་བཏང་ཞིང་། ཨུ་ཡོན་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་སོཌ་ལ་དམ་པོར་དམིགས་ནས་གྲོས་གཞི་312བཏོན་པ་དེས་བསྡོམས་འབོར་གྱི་78.2%ཟིན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་དམིགས་ཏེ་གྲོས་མོལ་དང་གྲོས་འགོ་བཏོན་ནས་སྐྱེ་ཁམས་བདེ་འཇཌ་ཀྱི་སྲུང་བཅད་བརྟན་དུ་གཏོང་བར་སྐུལ་འདེད་བཏང་ཞིང་། ཨུ་ཡོན་ཚོས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ནུས་རྒྱུ་གཙང་མ་གསར་སྤེལ་སོཌ་ལ་དམ་པོར་དམིགས་ནས་གྲོས་གཞི་38བཏོན་པ་དེས་བསྡོམས་འབོར་གྱི་9.52%ཟིན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འགོད་གནང་ཡོད།
རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་དམིགས་ཏེ་གྲོས་མོལ་དང་གྲོས་འགོ་བཏོན་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇཌ་ལ་སྐུལ་འདེད་བཏང་ཞིང་། ཨུ་ཡོན་ཚོས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་མགྱོགས་མྱུར་བྱེད་པ་དང་། མཐའ་མཚམས་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བ། མཐའ་མཚམས་སྟོབས་ཆེར་གཏོང་བའི་སྲིད་ཇུས་འཐུས་ཚང་དང་ལེགས་སྒྲིག་བྱེད་པ་སོགས་ལ་དམ་པོར་དམིགས་ནས་གྲོས་གཞི་13བཏོན་པ་དེས་བསྡོམས་འབོར་གྱི་3.26%ཟིན་ནས་མཐའ་མཚམས་འཛུཌ་སྐྲུན་ལ་གྲོས་འགོ་ཡག་པོ་དང་ཐབས་ཇུས་གནད་འཁེལ་བཏོན་གནང་ཡོད།