དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པ་ལྷ་མོས་གསུངས་དོན།

    རྒྱལ་སྤྱིའི་མིག་རྒྱང་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་བོད་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རམ་འདེགས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-13

    འདི་ནི་སྤེན་པ་ལྷ་མོས་གསར་འགོད་པར་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ངོ་སྤྲོད་གནང་བཞིན་པ།

    ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིཌ་བུད་མེད་འབུམ་རམས་པ་སྤེན་པ་ལྷ་མོ་2021ལོར་བོད་ནས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དུ་ལས་སྒྱུར་བྱས་ཏེ། ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་དང་འབྲེལ་བ་ཡོད་པའི་ལས་ཀ་བྱེད་འགོ་ཚུགས། “མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི‘རྒྱལ་ཁབ་རུ་ཁག’ཏུ་ལས་ཀ་བྱས་པའི་ལོ་བཞིའི་རིང་། ‘སློབ་ཆེན་གྱི་དངོས་གཞིའི་ཚན་ཁག’བསྐྱར་དུ་འགྲིམ་པའི་ཚོར་སྣང་ཡོང་གི་འདུག བོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་དང་ལྷག་པར་དུ་རྒྱལ་སྤྱིའི་མིག་རྒྱང་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་ཐད། རང་ཉིད་ལ་ཉམས་མྱོང་གསར་པ་བྱུང་ལ་བསམ་བློ་གསར་པའང་འཁོར་གྱི་འདུག་ཅེས་སྤེན་པ་ལྷ་མོས་གསུངས།

    སྤེན་པ་ལྷ་མོས། རྒྱུན་ལྡན་གྱི་འགན་སྒྲུབ་བརྟག་ཞིབ་དང་འཚམས་འདྲི་དང་ཟུང་འབྲེལ་བྱས་ནས་གསར་འགོད་པར། བོད་ཀྱི་ས་གནས་ཁག་གིས་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དང་བཀྲག་མདངས་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་གསུངས།

    སྐྱིད་གྲོང་དང་། འགྲམ། སྤུ་ཧྲེང་བཅས་ནེ་པ་ལར་ཕྱོགས་པའི་འགག་སྒོ་ཆེན་པོ་གསུམ་བདེ་བླག་ངང་ཤར་གཏོང་ཐུབ་པ་དང་། ལེགས་རྩེ་འགག་སྒོ་ཤར་གཏོང་ཐུབ་པ། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་རྒྱལ་སྤྱིའི་མཁའ་ལམ་གཅིག་མང་དུ་བཏང་བ། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ཚང་མར་རྒྱལ་སྤྱིའི་ཚོང་དོན་སྤེལ་ཞིང་། ཚོང་དོན་སྣ་ཁ་2000ལྷག་ཙམ་ཟིན་ཡོད་པ་རེད།

    ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། སྤེན་པ་ལྷ་མོས་བོད་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་ཕྱི་ཕྱོགས་སྤེལ་རེས་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་འབྲེལ་ཡོད་གྲོས་འགོ་གྲ་སྒྲིག་བྱས་ཡོད་པ་རེད། ཁོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བར་དམིགས་ནས། བོད་ལ་ས་ཁོངས་དང་སྲིད་ཇུས་སོགས་ཕྱོགས་གང་ཅིའི་ཐད་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད་པས་འབྲེལ་ཡོད་ཆེད་ལས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་གསོག་འཇོག་དང་གསོ་སྐྱོང་ཡག་པོ་བྱེད་པ་དེ་བོད་འདི་ཉིད“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་གསུངས།

    བོད་ཀྱི་དེང་རབས་སློབ་གསོའི་མ་ལག་གི་གྲུབ་འབྲས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། སྤེན་པ་ལྷ་མོས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་དང་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བོད་དང་ཕྱི་ཕྱོགས་དབར་ཁྱབ་ཁོངས་མང་པོའི་ཐད་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་དམིགས་ཏེ། དུས་བབ་དང་བསྟུན་ནས་རྒྱལ་སྤྱིའི་མིག་རྒྱང་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པའི་གོམ་སྟབས་བརྟན་དུ་དང་དེ་བས་ནུས་ལྡན་གྱི་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།