དབུ་ཤོག>ཆེད་སྒྲིག
  • ལོང་ཡིག་པར་གཞིའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཐོག་མ་བཏོན་པ།

  •     སྤེལ་དུས།  2025-03-07

    འདི་ནི་ཟླ་3ཚེས་5ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཚོགས་ཆུང་གི་ཚོགས་འདུ་འཚོག་ཡུལ་དུ་ཨུ་ཡོན་ལི་ཆིང་ཀྲུང་གིས་ལོང་ཡིག་པར་གཞིའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྟོན་བཞིན་པ།

    འདི་ནི་ལོང་ཡིག་པར་གཞིའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞིག་རེད། ད་ལོའི་ཚོགས་འདུ་གཉིས་ཀྱི་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་ལོང་ཡིག་པར་གཞིའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཐོག་མར་མཁོ་འདོན་བྱས་ཡོད། “ཚོགས་ཆེན་གྱིས་ཆེད་མངགས་ལས་དོན་པ་བཀོད་སྒྲིག་བྱས་ནས་དགོས་མཁོའི་ཞིབ་ཕྲའི་ལས་དོན་འབྲེལ་མཐུད་བྱས་པས་ངའི‘འགན་སྒྲུབ་ཀྱི་ལམ་བུར’སྟབས་བདེ་བསྐྲུན་བྱུང”

    ཏང་དང་རྒྱལ་ཁབ་ཀྱིས་དབང་པོ་སྐྱོན་ཅན་ཨུ་ཡོན་རྣམས་ལ་འགན་འཁྲི་སྒྲུབ་པར་སྲུང་སྐྱོབ་བྱས་པར་བརྟེན། ལི་ཆིང་ཀྲུང་གིས་རང་ངོས་ནས་དེ་བས་ལྷོད་གཡེང་བྱེད་མི་རུང་སྙམ། ལོང་ཡིག་པར་གཞིའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེའི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱིས་དབང་པོ་སྐྱོན་ཅན་ལ་སེམས་ཁུར་དང་དོ་ཁུར་བྱེད་པ་མངོན་གྱི་ཡོད།

    ལི་ཆིང་ཀྲུང་གིས“ཀྲུང་གོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་ཁྱོན་ཡོངས་ལ་ཁྱབ་པའི་དམངས་གཙོ་ཡིན་པ་འཛམ་གླིང་ཡོངས་ཀྱིས་མཐོང་ཐུབ་པའི་རེ་བ་ཡོད”ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།