དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པད་མ་གཡུ་སྒྲོན་གྱིས་གསུངས་དོན་གཞི་རིམ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ མཐོ་རུ་ཧུར་ཐག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-07

    འདི་ནི་པད་མ་གཡུ་སྒྲོན་གྱིས་འགན་སྒྲུབ་ཀྱི་སྤེལ་རེས་ཡིག་ཆ་ལེགས་སྒྲིག་གནང་བཞིན་པ།

    2024ལོའི་ཟླ་8པར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཞིག་ཡོངས་བསྒྲགས་ངང་འདྲི་ཞིབ་བྱས་པ་སྟེ། ཞུ་སྦྱོར་ཕྱི་མ་10ལྷག་ཙམ་གྱིས་མེ་ཏོག་རྫོང་དུ་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་ཨ་བྷི་ཥ་འདྲ་ཁྲི་ཡན་བཀོག་པ་དེ་རེད། གྱོད་གཞི་དེ་ནི་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་བཙུགས་ཚུན། འདྲི་ཞིབ་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཐོག་མ་དེ་རེད།

    གྱོད་གཞི་འདྲི་ཞིབ་བྱས་རྗེས། མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་སྒྱུར་གྱོད་སྒྲུབ་དང་ཁོར་ཡུག་སྲུང་སྐྱོང་ཟུང་འབྲེལ་བྱས་ཏེ་ལྗོངས་ཡོངས་གྱི《རི་སྐྱེས་ཨ་བྷི་ཥ་འདྲ་ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱ》ཐོག་མ་དེ་ཁྱབ་བསྒྲགས་བྱས་པ་རེད། དེ་ལས་ལོ་15ཡི་རིང་ཁྲིམས་འཛིན་ཁོངས་གཏོགས་སུ་བརྟན་སྲུང་བྱེད་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གི་རིམ་པ་དང་པོའི་ཁྲིམས་དཔོན་པད་མ་གཡུ་སྒྲོན་གྱིས་གཞི་རིམ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་ཤེས་རྟོགས་གཏིང་ཟབ་བྱུང་ཡོད།

    པད་མ་གཡུ་སྒྲོན་གྱིས“ཉེ་བའི་ལོ་འགའི་རིང་། ང་ཚོས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ཁ་ཕྱོགས་གཙོ་བོ་ནི་སྤྱིར་ན་མི་སེར་དང་འབྲེལ་བ་དམ་ཟབ་ཡོད་པའི་ངལ་ནུས་གན་རྒྱ་དང་བུན་གཡར་གན་རྒྱ་སོགས་ཡིན། དེར་བརྟེན་ང་ཚོས་རྒྱུན་དུ་ཁྲིམས་ཁང་གིས་གྱོད་གཞི་བདག་སྤྲོད་བྱེད་པའི་ཁྱད་ཆོས་ཁ་ཤས་དང་ཟུང་འབྲེལ་བྱས་ནས་ཤང་དང་གྲོང་ཚོར་སྐྱོད་དེ‘མངགས་ཐོ་རྣམ་པའི’བཅའ་ཁྲིམས་ཁྱབ་གདལ་གཏོང་གི་ཡོད”ཅེས་གསུངས་པ་རེད།

    དེ་སྔ། གྱོད་གཞིའི་རིགས་གཙོ་བོ་ཁྱིམ་ཚང་གི་རྩོད་གཞི་དང་ཁྱིམ་མཚེས་དབར་གྱི་འགལ་ཟླ་སོགས་སུ་གཅིག་སྡུད་བྱས་ཡོད་པས་མི་སེར་ཚོས་གྲོང་ཚོའི་རྒན་རབས་རྣམས་ལ་བར་འདུམ་བྱེད་དུ་འཇུག་གི་ཡོད། པད་མ་གཡུ་སྒྲོན་དང་ལས་རོགས་ཚོས་རྒྱུན་སྲིང་ལྷོད་མེད་ངང་བཅའ་ཁྲིམས་ཁྱབ་གདལ་བཏང་བ་བརྒྱུད། ད་ཆ་ངལ་ནུས་གན་རྒྱའི་རྩོད་གཞི་དང་། སྐྱེལ་འདྲེན་གན་རྒྱའི་རྩོད་གཞི། ཉོ་ཚོང་གན་རྒྱའི་རྩོད་གཞི་བཅས་ཀྱི་འགལ་ཟླ་དང་རྩོད་གཞི་གསར་པ་སྣ་ཚོགས་ལ་ཕྱོགས་སྐབས་མི་སེར་ཚོས་ཁྲིམས་ལ་བརྟེན་དགོས་པ་དང་ཁྲིམས་སྤྱོད་ཤེས་དགོས་པ་གསལ་པོར་རྟོགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།