དབུ་ཤོག>ཆེད་སྒྲིག
  • རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝུའུ་ཏེ་ཕེ་ཡིས་གསུངས་དོན།

    བདེ་ཐང་ཀྲུང་གོའི་ཆེད་དུ“ཐབས་བཟང”འདོན་གྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-26

    འདི་ནི་སུའུ་ཀྲོའུ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་ཁྲག་ནད་ཚན་ཁག་ཏུ་ཝུའུ་ཏེ་ཕེ་ཡིས་ནད་ཁང་དུ་ཞིབ་བཤེར་བྱེད་སྐབས་ནད་པར་བརྟག་དཔྱད་བྱེད་བཞིན་པ། (2025ལོའི་ཟླ་2ཚེས་17ཉིན་པར་བླངས)

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝུའུ་ཏེ་ཕེ་ནི་སུའུ་ཀྲོའུ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་ཁྲག་ནད་ཚན་ཁག་གི་ཀྲུའུ་རེན་དང་། རྒྱལ་ཁབ་ཁྲག་ནད་ཁོངས་གཏོགས་ནད་རིགས་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ། ཅང་སུའུ་ཞིང་ཆེན་ཁྲག་ནད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ། སུའུ་ཀྲོའུ་སློབ་ཆེན་ཁྲག་འགྲུབ་ཕྲ་ཕུང་སྤོ་འཛུགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་བཅས་རེད། འདི་ལོ་ནི་ཝུའུ་ཏེ་ཕེ་ཡིས་ལས་འགན་སྒྲུབ་པའི་ལོ་བརྒྱད་པ་དེ་ཡིན། ཁོང་གིས་བྲེལ་འཚུབ་ཆེ་བའི་ལས་ཀའི་ཞོར་དུ་དུས་ཚོད་བཙལ་ནས་འདྲི་རྩད་བརྟག་དཔྱད་གཏིང་ཟབ་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གནས་ས་དང་། དཀའ་གནད་། འགག་གནད་བཅས་ལ་དམིགས་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    2025ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཝུའུ་ཏེ་ཕེ་ཡིས་རང་རྒྱལ་གྱི་རྒན་རྒོན་ཅན་གྱི་སྤྱི་ཚོགས་ཉིན་བཞིན་ཚབས་ཆེ་རུ་འགྲོ་བའི་སྨན་བཅོས་བདེ་ཐང་གི་དགོས་མཁོར་ཁ་གཏད་གཅོག་རྒྱུའི་སྐོར་གྱི་གྲོས་འགོ་གྲ་སྒྲིག་བྱས་ནས། རྒན་རྒོན་ལ་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་བདེ་ཐང་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།