དབུ་ཤོག>ཆེད་སྒྲིག>2024བོད་ཀྱི་ཚོཌ་འདུ་གཉིས>ཚོགས་འདུ་གཉིས་ཀྱི་གསར་འགྱུར།
  • དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-07

    2023ལོར་རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱས་ནས“འཛུགས་གཏོད་བཞིར”སྐུལ་འདེད་ཏན་ཏིག་གཏོང་བ་དང་ལས་དོན་ཁག་ལ་སྐུལ་འདེད་གཏོང་བར་ཡར་རྒྱས་གསར་པ་བྱུང་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་9%ཙམ་འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་6ལྷག་ཙམ་ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%ལྷག་ཙམ་འཕར་བ། དཔལ་འབྱོར་དམིགས་ཚད་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བཅས་རེད།

    “གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་ཡོད་ལ། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཀྱང་རེད” རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་གྱི་འཐུས་མི་དང་ཨུ་ཡོན་རྣམས་དང་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་པར་དམིགས་ནས་གཅིག་རྗེས་གཉིས་མཐུད་ངང་ངོས་འཛིན་གླེང་བ་དང་། གྲུབ་འབྲས་ཤོད་པ། བྱ་ཐབས་འདོན་པ་བཅས་བྱས་པ་རེད།

    2023ལོར་རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། མི་རིགས་ཆོས་ལུགས་ལས་དོན་ཏན་ཏིག་བསྒྲུབས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྣམ་པ་གསར་པ་ཐོན་པ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་མི་སེམས་སུ་གཏིང་ཟབ་ཟུག་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་ཕྱིན་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱིས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད།

    “2023ལོར་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་མིང་བཏགས་རྗེས་ལ་རྒྱབ་ཤང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ས་སྲུང་དང་། མཐའ་སྲུང་། མཐའ་བརྟན་བཅས་ཀྱི་སྤྲོ་སེམས་སྔར་བས་འཕེལ་ཡོད”ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཟུར་ཞུགས་མི་སྣ་ལྷོ་བྲག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཕུའུ་ཁྲེང་ཚུང་གིས་བརྗོད་པ་དང་། ཁོང་གིས“མིག་སྔའི་བར་རང་རྫོང་གིས་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཚན་པ་2དང་། གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཚན་པ17 རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཚན་པ་66བཅས་གྲུབ་འབྲས་ཐོབ་པའི་ངང་བཙུགས་ཡོད། དཔེ་སྟོན་འཛུགས་གཏོད་དང་དཔེ་སྟོན་སྣེ་ཁྲིད་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྤྲོ་སེམས་དང་ངར་ཤུགས་དེ་བས་འཕེལ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    2023ལོ་ནི་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་རི་བོ་ཆེ་ཤང་རི་བོ་ཆེ་གྲོང་ཚོའི་མང་ཚོགས་ཚེ་དབང་ལྷ་མོ་རི་བོ་ཆེ་ཤང་གཅུང་པ་ལྷ་མོ་རུ་ཁག་ལ་ཞུགས་པའི་ལོ་གཉིས་པ་རེད། མ་གཞི་ལྷ་མོ་ལོ་གཉིས་ལས་སྦྱོང་མྱོང་མེད་མོད། འོན་ཀྱང་འདི་ལོ་ལོ་21ལ་སླེབས་པའི་ཚེ་དབང་ལྷ་མོར་ཆུང་དུས་ནས་ལྷ་མོའི་ཤུགས་རྐྱེན་ཐེབས་ནས་ད་ཆ་མི་སྣ་མི་འདྲ་བ་གཉིས་འཁྲབ་ཐུབ་པས་འཁྲབ་སྟོན་བྱེད་ཐེངས་རེར་ཡོང་འབབ་སྒོར་200ཡོང་གི་ཡོད།

    རི་བོ་ཆེའི་གཅུང་པ་ལྷ་མོ་ནི་རང་ལྗོངས་ཀྱི་ལྷ་མོ་ཚོགས་པ་ཆེ་གྲས་བཞིའི་གྲས་ཤིག་ཡིན་པ་དང་། ད་བར་ལོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ནང་དོན་གཏིང་ཟབ་པ་དང་རྒྱུན་འཛིན་གོ་རིམ་ལྡན་པར་བརྟེན་རི་བོ་ཆེའི་གཅུང་པ་ལྷ་མོ་སྐད་གྲགས་ཆོད་ཡོད། “ལྷ་མོ་རུ་ཁག་རྟག་ཏུ་ས་གནས་ཁག་ཏུ་འཁྲབ་སྟོན་བྱེད་པར་གདན་དྲངས་ཀྱི་ཡོད”ན་ནིང་མཚོ་སྔོན་རྨ་ལྷོའི་འཁྲབ་སྟོན་གྱིས་ཚེ་དབང་ལྷ་མོར་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས“ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ཏུ་འཁྲབ་སྟོན་བྱས་ཚེ་ཡོང་འབབ་མང་དུ་འགྲོ་ཐུབ་ལ། མེས་རྒྱལ་གྱི་ས་གནས་ཁག་གི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་ཉམས་སུ་མྱོང་ཐུབ་པས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ལ་རེ་སྒུག་ཀྱང་ཆེན་པོ་བྱེད་ཀྱི་འདུག”ཅེས་བརྗོད།

    2023ལོར་རང་ལྗོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་འབད་བརྩོན་གྱི་ཁ་ཕྱོགས་སུ་བརྩི་རྒྱུ་མཐའ་འཁྱོངས་དང་ཁྲིམས་བཞིན་བོད་སྐྱོང་མཐའ་འཁྱོངས་ཀྱིས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ཏེ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་སྤེལ་ཏེ། རྒྱལ་ཁབ་དང་ཞིང་ཆེན་ལམ་གྱི་ཞིབ་བཤེར་ས་ཚིགས་སུ“འབྲེལ་གཏུག་མེད་པ་དང་། ཤེས་ཚོར་མེད་པ། མགྱོགས་མྱུར་ངང་བགྲོད་ཐུབ་པ”བཅས་ཡོང་བར་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཐད་ཀྱི་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་དང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་སྦྱར་པ་ཁང་གསར་སྒོ་ར་ཆེ་མོར་སྐྱོད་སྐབས་གསར་འགོད་པའི་མིག་ལམ་དུ་འཆམ་མཐུན་གྱི་རྣམ་པ་ཞིག་མངོན་པ་སྟེ། ཕྲུ་གུ་ཚོ་རྩེད་འཇོར་རོལ་བ་དང་། མི་ལ་ལ་གྱོན་ཆས་འཁྲུ་བ། ལ་ལ་ལྟོ་ཆས་བཟོ་བ་སོགས་སྡོད་ཁང་ཐོག་སོ་གསུམ་གྱི་གྲོང་མི་རྣམས་ནང་མི་དང་འདྲ་བར་ཚང་མ་ཞི་མཐུན་མཉམ་གནས་དང་འཆམ་མཐུན་ངང་འཚོ་བ་སྐྱེལ་བཞིན་ཡོད།

    སྦྱར་པ་ཁང་གསར་སྒོ་ར་ཆེ་མོ་ནི་ལྷ་ས་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་གྱི་སྒོ་ར་ཆེ་མོ”མང་པོའི་གྲས་ཤིག་ཡིན་ཞིང་། སྒོ་ར་དེ་ལྟ་བུ་ཝ་པ་གླིང་སྡེ་ཁུལ་ཁོ་ནར་14ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།