དབུ་ཤོག>ཆེད་སྒྲིག>2024བོད་ཀྱི་ཚོཌ་འདུ་གཉིས>ཚོགས་འདུ་གཉིས་ཀྱི་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།

    《སྲིད་གཞུང་གི་ལས་དོན་སྙན་སྒྲོན(གྲོས་ཞིབ་ལ་འབུལ་རྒྱུའི་མ་ཟིན)》སོགས་ཀྱི་ཡིག་ཆར་ཆེད་དོན་ཞིབ་འཇུག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-06

    ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་གནང་རྒྱུར་འབུལ་རྩིས་ཡོད་པའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན(གྲོས་ཞིབ་ལ་འབུལ་རྒྱུའི་མ་ཟིན)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན(གྲོས་ཞིབ་ལ་འབུལ་རྒྱུའི་མ་ཟིན)》 《བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན(གྲོས་ཞིབ་ལ་འབུལ་རྒྱུའི་མ་ཟིན)》བཅས་ལ་ཆེད་མངགས་ཞིབ་འཇུག་གནང་བ་རེད།

    ཚོགས་འདུར《སྲིད་གཞུང་གི་ལས་དོན་སྙན་སྒྲོན(གྲོས་ཞིབ་ལ་འབུལ་རྒྱུའི་མ་ཟིན)》སོགས་ཡིག་ཆའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་པ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྣེ་ཁྲིད་དེ་གྲོས་ཞིབ་ཡག་པོ་དང་གྲོས་བསྡུར་ཡག་པོ་བྱས་ནས་འགན་འཁྲིའི་འདུ་ཤེས་ཆེན་པོ་དང་། སྒམ་བརླིང་ནན་ཏན་གྱི་རྣམ་འགྱུར། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ཚོགས་འདུ་གཉིས་ཀྱི་སྙན་སྒྲོན་ཁག་ནན་ཏན་ངང་ཉན་པ་དང་། གྲོས་བསྡུར་ནན་ཏན་བྱེད་པ། གྲོས་ཞིབ་ཡག་པོ་བཅས་བྱེད་དགོས་པ་དང་། གནད་ལ་འཕིགས་པའི་གྲོས་དང་དོན་ལ་སྨིན་པའི་ཇུས་འདོན་པ་དང་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ནས་གྲོས་ཞིབ་དང་གྲོས་བསྡུར་བྱེད་པའི་བརྒྱུད་རིམ་དེ་བློ་བསྡུས་དགེ་འཚོལ་དང་བློ་གྲོས་གཅིག་འདུས་ཀྱི་བརྒྱུད་རིམ་ཞིག་ལ་འགྱུར་བ་དང་དམངས་གཙོ་དར་སྤེལ་དང་འདོད་མོས་གཅིག་གྱུར་གྱི་བརྒྱུད་རིམ་ཞིག་ལ་འགྱུར་བ་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་སྔར་བས་གཅིག་གྱུར་དང་། སྟོབས་ཤུགས་གཅིག་འདུས། ངར་ཤུགས་འཕེལ་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།