དབུ་ཤོག>ཆེད་སྒྲིག>2024བོད་ཀྱི་ཚོཌ་འདུ་གཉིས>འགོ་བརྗོད་པར་རིས།
  • འཐུས་མི་དང་ཨུ་ཡོན་རྣམ་པ་འབྱོར་ཐོ་འགོད་པར་ཕེབས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-01-05

    ཟླ་1ཚེས་4ཉིན། ད་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་སྤྲོ་སེམས་འཁོལ་པོ་དང་སྙིང་སྟོབས་རབ་འཕེལ་གྱིས་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཐོ་འགོད་པར་ཕེབས་པ་ལས། 2024ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་འཚོག་པའི་དུས་ལ་སླེབས་པ་མཚོན་ཡོད།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྱོར་ཐོ་འགོད་ཡུལ་དུ་ཚོགས་འདུའི་ལས་དོན་ཚོགས་ཆུང་གི་ལས་དོན་པས་ནན་ཏན་ངང་འཐུས་མི་མི་རེ་ངོ་རེར་འབྱོར་ཐོ་འགོད་པའི་གོ་རིམ་ངོ་སྤྲོད་དང་ཚོགས་འདུའི་ཡིག་ཆ་སྤྲོད་བཞིན་འདུག

    གསར་འགོད་པས་སྲིད་གྲོས་ཨུ་ཡོན་གྱི་འབྱོར་ཐོ་འགོད་ཡུལ་དུ་སྟབས་བདེ་ལ་བབ་ཆགས་པ་དང་། ཁྲིད་སྟོན་བྱང་བུ་དང་ཚོགས་འདུའི་ལས་དོན་དང་འབྲེལ་བའི་བཀོད་སྒྲིག་སོགས་ཁ་གསལ་པོ་ཡོད་པ་མཐོང་བྱུང་།

    འཐུས་མི་དང་ཨུ་ཡོན་ཚོས་མགྲིན་གཅིག་ཏུ་གསུངས་དོན།

    ཚོགས་འདུའི་རིང་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པ་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ཚོགས་ཆེན་ལ་བཏོན་ཏེ། བསམ་ཚུལ་ཤོད་པ་དང་། དམངས་འདུན་གླེང་བ། རེ་འདུན་བརྗོད་པ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་འབུལ་གྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།