དབུ་ཤོག>ཆེད་སྒྲིག>2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས།
  • ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་སྲང་ཐ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲེན་ནཱ་ལུའུ་ཡིས་གསུངས་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ཞིང་གསུམ”ལས་དོན་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་ཡོད། གྲོང་ཚོ་སྟོབས་ཆེར་གཏོང་བ་ནི་མཛེས་སྡུག་ཆེ་ཤོས་ཀྱི་ཐིག་རིས་ཤིག་དང་དམངས་ཕྱུག་ནི་དྲོ་སྐྱིད་ཆེ་ཤོས་ཀྱི་རང་མདངས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ང་ཚོའི་གྲོང་ཚོས“རྒྱལ་ལམ་219ཡི་བོད་གྲོང་ལུང་དང་། ཚ་བ་རོང་། རྫ་ཡུལ། ཡུན་ནན་བཅས་ཀྱི་བོད་སྐྱོད་གྲོང་ཚོ་དང་པོའི”སྤུས་རྟགས་གཏོད་པར་གཞོལ་བ་མ་ཟད། གྲོང་གསེབ་ཡུལ་སྐོར་འདེགས་སྐྱོར་དུ་བྱས་ཏེ་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་དམངས་ཕྱུག་འགྱུར་དང་གྲོང་ཚོ་སྟོབས་ཆེར་འགྲོ་བར་རམ་འདེགས་བྱས་ཡོད། 2023ལོར། གྲོང་ཚོ་ཡོངས་ཀྱི་འབྲས་བུ་བཏགས་པའི་ཐུ་ནི་སིའི་སེ་འབྲུ་མུའུ་126ཁོ་ནར་ཡོང་འབབ་སྒོར་ཁྲི་10བྱུང་ཡོད། དེ་དང་ཆབས་ཅིག་རྫ་ཡུལ་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་མ་དངུལ་བཏང་ནས་རླམ་རྩ་ཕོ་སུལ་གྱི་ཐོན་ལས་འདེབས་གསོ་བྱས་ཏེ་རླམ་རྩ་ཕོ་སུལ་གྱི་ཐོན་ལས་དེ་ཁྱད་ལྡན་ཀ་རྟེན་ཐོན་ལས་གསར་པ་ཞིག་ཏུ་སྐྱེད་སྲིང་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད། 2024ལོར་སྲང་ཐ་གྲོང་ཚོར་འགྱུར་ལྡོག་དེ་བས་ཆེ་རུ་འགྲོ་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།