དབུ་ཤོག>ཆེད་སྒྲིག>2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས།
  • རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོ་པེ་ཅིང་དུ་ཕེབས་འབྱོར་ཟིན་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-04

    ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་ཟིན་པ་རེད།

    ཚོགས་འདུ་མ་འཚོགས་གོང་། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས“དོན་ཆེན་བཞི”དང་། “འཛུགས་གཏོད་བཞི” དམངས་འཚོའི་གནད་དོན་བཅས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ། འགན་འཁྲི་གཙང་སྒྲུབ་དང་སྲིད་གླེང་ཇུས་འདོན་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་རེད།

    འཐུས་མི་དང་ཨུ་ཡོན་ཚོས་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་ཚོགས་འདུར་ཞུགས་ཏེ་སྤུས་ཚད་མཐོ་བའི་བོད་ཀྱི“སྐད་སྒྲ་ཡག་པོ”བརྒྱུད་སྤྲོད་བྱས་ནས། ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོར་ངོ་གནོང་མི་དགོས་པ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།











    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།