དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གི་དྲི་བ་དྲིས་ལན།

    【ནང་དོན་ཡོང་ཁུངས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》2023ལོར་བཟོ་བཅོས་བརྒྱབ】

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-08

    དྲི་བ། སྒྲིག་ཁྲིམས་ལས་འགལ་རྗེས་གར་སོང་ཆ་མེད་དུ་གྱུར་པའི་ཏང་ཡོན་ལ་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

    དྲིས་ལན། དོན་ཚན་སོ་བདུན་པ། སྒྲིག་འགལ་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་པའི་ཏང་ཡོན་ལ་གནས་ཚུལ་མི་འདྲ་བར་གཞིགས་ནས་ཐག་གཅོད་བྱེད་དགོས་པ་སྟེ།

    (གཅིག) སྒྲིག་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ཡོད་པར་བརྟེན་ནས། ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་དགོས་ན། ཏང་རྩ་འཛུགས་ཀྱིས་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཐག་གཅོད་བྱེད་དགོས།

    (གཉིས) གོང་གསལ་གྱི་གཏན་འབེབས་ནང་ཚུད་པའི་གནས་ཚུལ་ཕུད། གར་སོང་ཆ་མེད་དུ་གྱུར་ནས་དུས་ཡུན་ཟླ་དྲུག་སོང་ཚེ། ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་ཐོ་ཁུངས་ནས་འབུད་དགོས།

    དྲི་བ། ཏང་རྩ་འཛུགས་ཀྱིས་ཆད་པ་མ་བཅད་གོང་གྲོངས་པའི་སྒྲིག་འགལ་ཏང་ཡོན་ཡིན་ན་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

    དྲིས་ལན། དོན་ཚན་སོ་བརྒྱད་པ། སྒྲིག་འགལ་ཏང་ཡོན་ལ་ཏང་རྩ་འཛུགས་ཀྱིས་ཆད་པ་གཅོད་རྒྱུའི་ཐག་གཅོད་མ་བྱས་གོང་གྲོངས་པ་དང་། ཡང་ན་གྲོངས་རྗེས་དེར་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཚབས་ཆེན་ཡོད་པ་ཤེས་རྟོགས་བྱུང་ནས། ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་དགོས་རིགས། ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ། ཏང་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུ་མན་གྱི་ཆད་པ་གཅོད་དགོས་རིགས་ལ་ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་ཡིག་ཐོག་གི་སྡོམ་ཚིག་དང་དེ་མཚུངས་ཀྱི་ཐག་གཅོད་བྱེད་དགོས།

    དྲི་བ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནང་འཁོད་པའི“རང་འགུལ་གྱིས་ངོས་ལེན་ཞུ་བ”ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།

    དྲིས་ལན། དོན་ཚན་བཞི་བཅུ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་རང་འགུལ་གྱིས་ངོས་ལེན་ཞུ་བ་ཞེས་པ་ནི་སྒྲིག་འགལ་གྱི་དོགས་གཞི་ཡོད་པའི་ཏང་ཡོན་གྱིས་རྩ་འཛུགས་ནས་ཁ་བརྡ་དང་ཡིག་ཐོག་གི་འདྲི་རྩད། ཐོག་མའི་དཔྱད་ཞིབ་བཅས་མ་བྱས་གོང་འབྲེལ་ཡོད་རྩ་འཛུགས་ལ་རང་ཉིད་ཀྱི་གནད་དོན་ངོས་ལེན་ཞུ་བ་དང་། ཡང་ན་ཁ་བརྡ་དང་ཡིག་ཐོག་གི་འདྲི་རྩད། ཐོག་མའི་དཔྱད་ཞིབ། གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བཅས་བྱེད་རིང་རྩ་འཛུགས་ཀྱིས་རྟོགས་མེད་པའི་གནད་དོན་ངོས་ལེན་ཞུ་བར་ཟེར།

    དྲི་བ། སྒྲིག་འགལ་བྱེད་སྤྱོད་ལས་བཟོས་པའི་དཔལ་འབྱོར་གྱོང་གུན་རྩིས་ཇི་ལྟར་རྒྱག་དགོས་སམ།

    དྲིས་ལན། དོན་ཚན་ཞེ་གཉིས་པ། དཔལ་འབྱོར་གྱི་གྱོང་གུན་རྩིས་རྒྱག་རིང་དང་གྱོད་དོན་ཐོ་འགོད་བྱེད་སྐབས་དོན་དངོས་ཐོག་བཟོས་པའི་རྒྱུ་ནོར་གྱི་གྱོང་གུན་ཚང་མ་རྩིས་རྒྱག་དགོས། དེའི་ནང་སྒྲིག་འགལ་བྱེད་སྤྱོད་ལས་བཟོས་པའི་གྱོང་གུན་གསབ་ཆེད་གཏོང་སྤྲོད་བྱས་པའི་འགྲོ་སོང་དང་འགྲོ་གྲོན་སྣ་ཚོགས་ཚུད་ཡོད། གྱོད་དོན་ཐོ་འགོད་བྱས་རྗེས་ནས་ཐག་གཅོད་མ་བྱས་གོང་རྒྱུན་མཐུད་ངང་ཕོག་པའི་དཔལ་འབྱོར་གྱི་གྱོང་གུན་ནི་དེའི་ནང་མཉམ་དུ་བརྩི་དགོས།

    དྲི་བ། སྒྲིག་འགལ་བྱེད་སྤྱོད་ལས་ཐོབ་པའི་དཔལ་འབྱོར་གྱི་ཁེ་ཕན་ནམ་ཡང་ན་ཁེ་ཕན་གཞན་དག་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

    དྲིས་ལན། དོན་ཚན་ཞེ་གསུམ་པ། སྒྲིག་འགལ་བྱེད་སྤྱོད་ལས་ཐོབ་པའི་དཔལ་འབྱོར་གྱི་ཁེ་ཕན་ནི་རྩིས་ལེན་བྱེད་པའམ་ཡང་ན་དེར་ཕྱིར་སློག་སྐྱིན་ཚབ་སྤྲོད་འགན་དཀྲི་དགོས། རང་འགུལ་ངང་གོང་འབུལ་བྱས་པའི་སྒྲིག་འགལ་ཐོབ་ཆ་དང་དཔལ་འབྱོར་གྱོང་གུན་གྱི་སྐྱིན་ཚབ་འཇལ་བ་དང་ལེན་བྱེད་དགོས་པ་མ་ཟད། གཏན་འབེབས་ལྟར་རྩིས་ལེན་བྱེད་པའམ་ཡང་ན་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ཕྱིར་སློག་བྱེད་དགོས།

    སྒྲིག་འགལ་བྱེད་སྤྱོད་ལས་ཐོབ་པའི་གོ་གནས་དང་། འགན་རིམ། གོ་མིང་། སློབ་རྒྱུས། སློབ་གནས། བྱ་དགའ། ཐོབ་ཐང་སོགས་ཀྱི་ཁེ་ཕན་གཞན་དག་ནི་གྱོད་དོན་སྒྲུབ་འགན་འཁུར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་སམ་དེའི་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་འབྲེལ་ཡོད་རྩ་འཛུགས་དང་། སྡེ་ཚན། ཚན་པ་བཅས་ལ་གཏན་འབེབས་ལྟར་ཡོ་བསྲང་བྱ་རྒྱུའི་གྲོས་འགོ་འདོན་དགོས།

    《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་སོ་བདུན་པ་དང་དོན་ཚན་སོ་བརྒྱད་པའི་གཏན་འབེབས་ལྟར་ཐག་གཅོད་བྱས་པའི་ཏང་ཡོན་ཡིན་ན། བརྟག་དཔྱད་བྱས་པ་བརྒྱུད་དེའི་སྒྲིག་འགལ་བྱེད་སྤྱོད་དངོས་སྤེལ་བ་ལས་ཐོབ་པའི་ཁེ་ཕན་རྣམས་དོན་ཚན་འདིའི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས།

    དྲི་བ། ཏང་གི་སྒྲིག་ཁྲིམས་གྱི་ཆད་གཅོད་གཏན་འབེབས་ལག་བསྟར་ཇི་ལྟར་བྱེད་དགོས་སམ།

    དྲིས་ལན། དོན་ཚན་ཞེ་བཞི་པ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་ཆོད་དོན་བཞག་རྗེས། ཟླ་བ་གཅིག་གི་ནང་ཚུན་དུ་ཆད་པ་ཕོག་པའི་ཏང་ཡོན་གནས་སའི་ཏང་གི་གཞི་རིམ་རྩ་འཛུགས་ནང་གི་ཏང་ཡོན་ཡོངས་རྫོགས་དང་དེ་ཉིད་ལ་ཁྱབ་བསྒྲགས་བྱེད་དགོས་པ་དང་། འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡིན་ན་ད་དུང་གནས་སའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པར་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། ལས་བྱེད་པའི་དོ་དམ་དབང་ཚད་དང་རྩ་འཛུགས་ཀྱི་འབྲེལ་བར་གཞིགས་ནས་ཆད་གཅོད་ཆོད་དོན་གྱི་དཔྱད་ཡིག་དེ་ཆད་པ་ཕོག་མཁན་གྱི་ཡིག་ཚགས་ནང་དུ་འཇུག་དགོས། ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བ་ཡན་གྱི་ཆད་པ་ཕོག་རིགས་ལ་ད་དུང་ཟླ་བ་གཅིག་གི་ནང་ཚུན་དུ་གོ་གནས་དང་། གླ་ཕོགས། ལས་ཀ དེ་བཞིན་འབྲེལ་ཡོད་ཐོབ་ཐང་གཞན་དག་སོགས་དེ་མཚུངས་ཀྱི་འགྱུར་ལྡོག་གཏོང་རྒྱུའི་འགྲོ་ལུགས་གཉེར་དགོས། ཏང་ཕྱིའི་གོ་གནས་ཕྱིར་འཐེན་བྱེད་པའམ་ལེགས་སྒྲིག་བྱ་རྒྱུ་དང་འབྲེལ་བ་ཡོད་ན། ཏང་ཕྱིའི་རྩ་འཛུགས་ལ་དུས་ཐོག་ཏུ་དེའི་ཏང་ཕྱིའི་གོ་གནས་ཕྱིར་འཐེན་བྱེད་པའམ་ལེགས་སྒྲིག་བྱ་རྒྱུའི་གྲོས་འགོ་འདོན་དགོས། དམིགས་བསལ་གྱི་གནས་ཚུལ་འོག ཆད་གཅོད་ཀྱི་ཆོད་དོན་བཞག་པའམ་ཆོག་མཆན་འགོད་མཁན་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་ན། འགྲོ་ལུགས་གཉེར་ཡུན་འོས་འཚམ་གྱིས་རིང་དུ་བཏང་ཆོག འགྲོ་ལུགས་གཉེར་ཡུན་རིང་ཤོས་ཟླ་བ་དྲུག་ལས་བརྒལ་མི་ཆོག

    དོན་ཚན་ཞེ་ལྔ་པ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་ཆོད་དོན་ལག་བསྟར་བྱེད་མཁན་ལས་ཁུངས་སམ་ཆད་པ་ཕོག་པའི་ཏང་ཡོན་གནས་སའི་སྡེ་ཚན་གྱིས་ཟླ་དྲུག་གི་ནང་ཚུན་དུ་ཆད་གཅོད་ཆོད་དོན་ལག་བསྟར་བྱེད་ཚུལ་ཆད་གཅོད་ཆོད་དོན་འཇོག་མཁན་ནམ་ཆོག་མཆན་འགོད་མཁན་ལས་ཁུངས་ལ་སྙན་སེང་ཞུ་དགོས།

    ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་བློར་མ་བབས་ན། ཏང་གི་སྒྲིག་ཡིག་དང་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་རྒྱུ་མཚན་ཞུ་འབུལ་བྱེད་ཆོག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།