[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་འཕྲོད་སྦྱོར།
  • གཞི་རིམ་གྱི་སྨན་བཅོས་སྒྲིག་ཆས་བེད་སྤྱོད་ཡག་པོ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དབྱང་ཅིན་རུའུ་ཡིས།    |    སྤེལ་དུས།   2017-05-17

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་སྦྲགས། ཉིང་ཁྲི་གྲོང་ཁྱེར་གྱི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་བྱ་གཞག་ཀྱང་ཟམ་མི་ཆད་པར་གོང་འཕེལ་ཕྱིན་ཡོད། ཉེ་ཆར་གསར་འགོད་པས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁ་ཤས་སུ་བཅར་འདྲི་བྱེད་པར་སྐྱོད་སྐབས། སྨན་ཁང་གི་ལས་སྒོའི་ཐོག་བརྩེགས་ཁང་ཆེན་དང་། སྨན་བཅོས་སྒྲིག་ཆས། ཞག་སྡོད་ཆ་རྐྱེན་བཅས་ཚང་མ་ལེགས་སུ་ཕྱིན་ཡོད་པ་དང་། ནད་ཐོག་སྨན་བཅོས་ཁང་དང་། སྨན་ཆུ་སྒྲོག་ཁང་། བོད་ལུགས་སྨན་ཁང་། མ་བུའི་འཕྲོད་སྦྱོར་ཁང་སོགས་ཚན་པ་ཚང་མ་ཡོད་པ་དེས་གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་ཀྱི་དགོས་མཁོ་སྤྱིའི་ཆ་ནས་སྐོང་ཐུབ་ཀྱི་ཡོད་པར་དོ་སྣང་བྱུང་།

    གཞི་རིམ་འཕྲོད་བསྟེན་ཁང་གི་སྨན་པ་མང་ཆེ་བ་ནད་ཐོག་སྨན་བཅོས་ཀྱི་ཆེད་ལས་ཤ་སྟག་ཡིན་པས། སྨན་བཅོས་ཀྱི་སྒྲིག་ཆས་བེད་སྤྱོད་བྱེད་ཤེས་མཁན་ཉུང་ཉུང་ཡིན་ལ། ཆེད་ལས་ལག་རྩལ་མི་སྣ་རེ་གཉིས་བསྡུས་ཀྱང་ཡུན་རིང་པོ་སྡོད་ཀྱི་མེད། གཞན་ཡང་གྲོང་ཁྱེར་དང་ཐག་ཉེ་བའམ་ཡང་ན་གྲོང་ཁྱེར་དུ་སྐྱོད་བདེ་བའི་ནད་པ་ཚང་མས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་ལྟ་འདོད་བྱེད་ཀྱི་མེད།

    སྨན་བཅོས་སྒྲིག་ཆས་ཡུན་རིང་བེད་མེད་དུ་འཇོག་པ་དེས་སྨན་པའི་རྩལ་ནུས་བེད་སྤྱོད་མི་ཐུབ་པར་ཐོན་ཁུངས་དེ་བས་འཕྲོ་བརླག་འགྲོ་གི་ཡོད།

    གནད་དོན་དེ་ཐག་གཅོད་ཡག་པོ་བྱ་ཆེད། སྨྱུག་འཛིན་པས་སྔོན་ལ་གཞི་རིམ་གྱི་འཕྲོད་བསྟེན་ལག་རྩལ་མི་སྣའི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་མི་སེར་བློ་བདེ་པོ་ཡོང་བར་བྱེད་དགོས་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་མི་སྣའི་ལས་སྒོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་ལས་མི་འདྲ་བའི་དགོས་མཁོར་དམིགས་ཏེ། ལོ་ལྟར་གྲོང་རྡལ་དང་གྲོང་ཚོའི་སྨན་དོན་མི་སྣ་གོང་རིམ་སྨན་ཁང་དུ་ཟབ་སྦྱོང་དང་གསོ་སྦྱོང་དུ་གཏོང་བ་དང་། རྫོང་རིམ་པ་ཡན་གྱི་སྨན་ཁང་གི་རྐང་འཛིན་སྨན་པ་དེ་བས་མང་བ་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཁ་གཏད་རོགས་སྐྱོར་དུ་བསྐྱོད་རྒྱུར་ལྕག་སྐུལ་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་དང་འཕྲོད་བསྟེན་སྒྲིག་གཞིར་ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།

    ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆེད་ལས་ཤེས་ལྡན་མི་སྣ་དེ་བས་མང་བའི་སེམས་གནས་ཐུབ་པ་བྱེད་དགོས། ཉིང་ཁྲི་གྲོང་ཁྱེར་གྱི་གཞི་རིམ་ཆེད་ལས་ལག་རྩལ་མི་སྣ་ཁ་ཐང་བ་དང་ཤེས་ལྡན་མི་སྣ་སེམས་གནས་མི་ཐུབ་པའི་གནད་དོན་ལ་དམིགས་ཏེ། གཟིགས་སྐྱོང་སྲིད་ཇུས་དེ་བས་མང་བ་འདོན་དགོས་པ་དཔེར་ན། དགོས་མཁོ་ཆེ་བའི་ལས་གནས་སུ་མི་སྣ་བསྡུ་བའི་ཆ་རྐྱེན་ལྷུག་ཏུ་འོས་འཚམ་གཏོང་བ་དང་སྨན་དོན་མི་སྣའི་ཐོབ་ཆ་ལེགས་སུ་གཏོང་བ་སོགས་ལ་བརྟེན་ནས་གཞོན་ནུ་སྨན་པ་གཞི་རིམ་དུ་གཞི་ཚུགས་ཐུབ་པ་དང་མི་སེར་ལ་ཞབས་འདེགས་ཞུ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།