[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>བོད་སྨན།
  • བོད་དུ་བོད་ལུགས་སྔོ་སྨན་རིཌ་27མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ལ་ཚད་བརྒལ་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-24

    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྟོངས་ལ་ཉེ་བའི་བོད་སྨན་གྱི་སྨན་རྒྱུ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིབ་འཇུག་རྟེན་གཞིའི་འགན་འཁུར་བ་བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར་བརྗོད་དོན། མིག་སྔའི་བར་བོད་ཀྱིས་བོད་ལུགས་སྔོ་སྨན་རིགས་27ཐོན་ལས་ཅན་གྱི་འདེབས་འཛུགས་བྱེད་ཆོག་གི་ཡོད།

    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་ནི་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་བོད་སྨན་སྨན་སྦྱོར་ཁང་ཡིན་ཞིང་། སྨན་སྦྱོར་ཁང་དེའི་འགན་འཁུར་བས་མིག་སྔར་བོད་སྨན་ཐོན་སྐྱེད་ཐད་སྤྱིར་ན་ཚང་མ་རི་སྐྱེས་སྨན་རྒྱུའི་སྐྱེ་དངོས་སྤྱོད་དགོས་ཀྱི་ཡོད་ཅེས་བཤད་བྱུང་།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་སྨན་གྱི་ནད་ཐོག་སྨན་བཅོས་ཁྲོད་ཨུཏྤལ་ཉེར་ལྔ་ནི་མཆིན་ནད་སྨན་བཅོས་བྱེད་པའི་རྒྱུན་སྤྱོད་སྨན་དང་སྤྱོད་དགོས་ངེས་ཀྱི་སྨན་ཡིན་ཡང་། ཨུཏྤལ་ནི་སྟོངས་ཉེར་ཡོད་པའི་བོད་སྨན་གྱི་སྨན་རྒྱུ་ཡིན་ལ་རི་སྐྱེས་ཨུཏྤལ་ཡང་ཉིན་རེ་ལས་མ་འདས་པར་ཉུང་དུ་འགྲོ་གི་ཡོད། མ་བཅོས་རྒྱུ་ཆ་མི་འདང་བའི་དབང་གིས་སྨན་ཁང་གི་ནད་པའི་གནས་ཚུལ་གཞིར་བཟུང་ཚད་རན་པའི་ངང་ཐོན་སྐྱེད་བྱ་རྒྱུ་ལས་མ་འདས། འོན་ཀྱང་ཁྲོམ་རའི་ཐོག་ཨུཏྤལ་ཉེར་ལྔ་གཏན་ནས་འཚོང་རྒྱུ་མེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནང་སའི་ཀྲུང་ལུགས་སྨན་རྒྱུར་སྤྱོད་པའི་སྐྱེ་དངོས་ཐོན་ལས་ཅན་གྱི་འདེབས་འཛུགས་བྱེད་སྟངས་དང་བསྡུར་ན། མིག་སྔར་བོད་སྨན་རྒྱུ་ཆའི་སྐྱེ་དངོས་འདེབས་འཛུགས་ད་ཆ་གཞི་ཁྱོན་ཆགས་མེད་པས་རྒྱུན་སྤྱོད་བོད་སྨན་ཁག་གཅིག་ཐོན་སྐྱེད་བྱེད་པར་དཀའ་ངལ་འཕྲད་ཡོད། དེར་བརྟེན་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་ཁྱབ་གདལ་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

    ལོ་མང་རིང་འདེབས་གསོའི་ལག་རྩལ་ཞིབ་འཇུག་དང་ཉམས་མྱོང་གསོག་འཇོག་བྱས་པ་བརྒྱུད་མིག་སྔར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྟོངས་ལ་ཉེ་བའི་བོད་སྨན་གྱི་སྨན་རྒྱུ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིབ་འཇུག་རྟེན་གཞིར་ཨུཏྤལ་སྤྱི་རྒྱ་25(སྣ་ཁ་རིགས་6)དང་། རྒྱ་གར་གྱི་ཏིག་ཏ་སྤྱི་རྒྱ་10 སྤུ་རྩེ་ཤེལ་སྤྱི་རྒྱ་2.5སོཌ་སྟོངས་ལ་ཉེ་བའི་བོད་སྨན་གྱི་རྒྱུ་ཆ་རིགས་8ཀྱི་ས་བོན་ཉར་ཚགས་བྱས་ཡོད།

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་སློབ་གླིང་སྔོ་ཚལ་ཞིབ་འཇུག་སུའོ་སྐྱེ་དངོས་གྲུབ་ཆ་གསོ་སྤེལ་ལྟེ་གནས་ཀྱི་འགན་འཁུར་བས་སྟོངས་ལ་ཉེ་བའི་བོད་སྨན་གྱི་སྨན་རྒྱུར་སྤྱོད་པའི་སྐྱེ་དངོས་སྣ་ཁ་མང་པོ་ཚུད་པའི་སྐྱེ་དངོས་སྣ་ཁ་མི་ཉུང་བ་ཞིག་ཐོན་ལས་ཅན་གྱི་འདེབས་འཛུགས་བྱེད་པའི་ལག་རྩལ་ཡོད། བོད་སྨན་ཐོན་ལས་ལ་སྲིད་ཇུས་ཀྱི་ཁྲིད་སྟོན་བྱས་ཏེ་ལག་རྩལ་དང་། ཞིང་དུད། བོད་སྨན་ཐོན་སྐྱེད་ཁེ་ལས་བཅས་དབར་གྱི་བཀག་རྒྱ་སྔར་བས་ཤར་གཏོང་བྱས་ནས་བོད་ཀྱི་སྨན་རྒྱུའི་སྐྱེ་དངོས་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་གཏོང་ཐུབ་པ་བྱེད་དགོས་ཀྱི་འདུག་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།