[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>བོད་སྨན།
  • བོད་ཀྱི་བོད་སྨན་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་8ལྷག་ཙམ་ཟིན་པ།

    ནང་སའི་ཁྲོམ་ར་རིམ་བཞིན་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-10-10

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། བོད་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་མ་ལག་ཅིག་ཆགས་ནས་ལོ་རེའི་བོད་སྨན་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་8ལྷག་ཙམ་ཟིན་ཅིང་། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་སྨན་གངས་ལྗོངས་ས་མཐོ་ནས་ཐོན་ཏེ་རིམ་བཞིན་ནང་སའི་ཁྲོམ་ར་གཏོད་བཞིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཕུར་བུ་སྒྲོལ་མས། བོད་ཀྱི་བོད་སྨན་ཐོན་སྐྱེད་བྱེད་སྟངས་དེ་ལག་བཟོ་ནས་བཟོ་ལས་ཅན་གྱི་ཐོན་སྐྱེད་ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་བྱུང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་མ་ལག་ཅིག་རྩ་བའི་ཆ་ནས་ཆགས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་བོད་སྨན་ཐོན་སྐྱེད་ཁེ་ལས་18བར་འཕེལ་རྒྱས་བྱུང་བ་ཚང་མར་རྒྱལ་ཁབ་ཀྱི་GMPཁས་ལེན་ར་སྤྲོད་ཐོབ་པ་དང་ལོ་རེའི་བོད་སྨན་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་8ལྷག་ཙམ་ཟིན་གྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    ཉེ་བའི་ལོ་ཤས་རིང་། བོད་ལུགས་གསོ་རིག་དང་བོད་སྨན་བོད་ཁུལ་ནས་ནང་སའི་གྲོང་ཁྱེར་དུ་ཁྱབ་ཅིང་། ཀྲུང་ལུགས་དང་ཕྱི་ལུགས་སྨན་བཅོས་བྱ་ཐབས་ཚུད་པའི་བོད་ལུགས་གསོ་རིག་གི་སྨན་བཅོས་བྱ་ཐབས་ཁྱབ་གདལ་བཏང་བ་ལས་ནད་པར་སྨན་བཅོས་བྱ་ཐབས་གསར་པ་མང་པོ་ཞིག་མཁོ་འདོན་བྱུང་ཡོད། བོད་དུ་བོད་སྨན་བཟོ་གྲྭས་ཐད་ཚོང་ས་ཚིགས་བཙུགས་ཏེ་བོད་སྨན་འཚོང་པ་མ་ཟད། ད་དུང་སྦྲག་བསྐུར་ཞབས་ཞུ་མཁོ་འདོན་བྱས་ནས་ནང་སའི་ནད་པར་བོད་སྨན་སྤྱོད་རྒྱུར་སྟབས་བདེ་ཡང་བསྐྲུན་ཡོད། དུས་མཚུངས་སུ་ནང་སའི་གྲོང་ཁྱེར་ཆེ་འབྲིང་མང་པོ་ཞིག་ཏུ་བོད་ལུགས་གསོ་རིག་སྒོ་བསྟེན་སྨན་ཁང་མང་པོ་ཞིག་ཆར་རྗེས་མྱུ་གུ་བཞིན་འབུར་དུ་ཐོན་ཡོད་པ་རེད།

    12.29 (116).JPG

    བོད་ཀྱི་སྨན་རྩིས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལུགས་གསོ་རིག་གིས་སྤྱོད་པའི་སྨན་རྒྱུ་མང་ཆེ་བ་ནི་ས་བབ་མཐོ་བ་དང་། དྲོད་ཁྱད་ཆེ་བ། ཉི་འོད་འཕྲོ་ཆེ་བ་བཅས་ཀྱི་ས་མཐོ་ནས་བཏུས་པ་ཤ་སྟག་ཡིན་པ་དང་བོད་སྨན་མང་ཆེ་བ་སྨན་རྩྭ་ལས་གྲུབ་པའི་ཁར་མ་གནས་དམའ་པོ་དང་། བཀོལ་སྤྱོད་བདེ་པོ། ཕན་ནུས་ཆེན་པོ་བཅས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལུགས་གསོ་རིག་དང་བོད་སྨན་ནི་ཀྲུང་གོར་ཆ་མཚོན་ན། འཐུས་སྒོ་ཚང་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་རིགས་གསོ་རིག་གི་གྲས་ཤིག་རེད། མིག་སྔར་བོད་ལུགས་གསོ་རིག་དང་བོད་སྨན་ཉིད་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་དངོས་པོ་དང་རིག་གནས་ཤུལ་བཞག་ནང་འཇུག་རྒྱུའི་རེ་འདུན་ཞུ་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།