[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • མཚོ་སྨད་རྫོང་བོད་ལུགས་གསོ་རིག་སྨན་ཁང་གིས་སྨན་ངོ་འཛིན་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-08-10

     བོད་ལུགས་གསོ་རིག་ལག་རྩལ་སྔར་བས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་ལས་ཞུགས་མི་སྣའི་གཞི་རྩའི་བྱང་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། མཚོ་སྨད་རྫོང་བོད་ལུགས་གསོ་རིག་སྨན་ཁང་གིས་རྫོང་ཡོངས་ཀྱི་བོད་ལུགས་གསོ་རིག་ཀྱི་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་གནས་བཞི་ཤང་འཇའ་རྫ་གྲོང་ཚོར་རྫོང་འདིའི་བོད་ལུགས་གསོ་རིག་ཀྱི་སྨན་ངོ་འཛིན་པའི་བྱེད་སྒོ་སྐབས་གསུམ་པ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་། ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ་གདན་འདྲེན་ཞུས་ནས་སློབ་མ་ཚོར་སྨན་ངོ་འཛིན་སྟངས་བསླབས་ཤིང་། དུས་ཡུན་གཟའ་འཁོར་གཅིག་གི་གསོ་སྦྱོང་བྱེད་རིང་། སློབ་མ་ཚོར་ཆུ་གདུགས་གངས་ལྷ་མེ་ཏོག་སོགས་སྨན་རྩྭ་སྣ་ཁ་280ལྷག་ཙམ་རྙེད་པ་དང་ངོས་འཛིན་ཐུབ་ཡོད། ད་ཐེངས་ཀྱི་བྱེད་སྒོའི་མཐའ་འཇུག་གི་ཉིན་དེར་ད་དུང་རྒྱུགས་བཏང་བ་མ་ཟད་སློབ་མ་ཚོར་སྨན་རྩྭ་སྣ་ཁ་280ནས་སྨན་རྩྭ་སྣ་ཁ་150ལྷག་ཙམ་ལོགས་སུ་བཏོན་ནས་ངོས་འཛིན་དུ་བཅུག་ཅིང་། བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་མཁན་ལ་གཟེངས་བསྟོད་བྱ་དགའ་ཡང་སྤྲད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།