[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • ས་མཐོའི་གསོ་རིག་གི་མུ་སྦྲེལ་དཔེ་ཚོགས་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-08-08

    ཉེ་ཆར། ས་མཐོའི་གསོ་རིག་གི་མུ་སྦྲེལ་དཔེ་ཚོགས་ལྷ་སར་འགྲེམས་སྤེལ་བྱས་པ་དང་། མུ་སྦྲེལ་དཔེ་ཚོགས་དེ་ཉིད་ས་མཐོའི་ནད་ཐོག་སྨན་བཅོས་ཀྱི་ནད་ཁམས་དང་ལུས་ཁམས་རིག་པ་དང་། ས་མཐོའི་ལུས་སྦྱོང་གསོ་རིག་གི་རྨང་གཞི་དང་བཀོལ་སྤྱོད། ས་མཐོའི་བོད་ཀྱི་གསོ་བ་རིག་པ་སོགས་དེབ་11ཡོད་ཅིང་། དེས་བོད་ལྗོངས་ས་མཐོའི་གསོ་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་རྨང་གཞིའི་གསོ་བ་རིག་པའི་སྟོང་ཆ་ཁག་གཅིག་བསྐངས་ཏེ་བོད་ལྗོངས་ས་མཐོའི་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ས་མཐོའི་གསོ་རིག་གི་མུ་སྦྲེལ་དཔེ་ཚོགས་ནི་པེ་ཅིང་སློབ་ཆེན་གསོ་རིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་ཞིག་རེད། ལོ་ལྔའི་རིང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་གསོ་རིག་མཁས་དབང་ཚོས་མུ་སྦྲེལ་དཔེ་ཚོགས་རྩོམ་སྒྲིག་ནང་ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།