[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • ཉིང་ཁྲི་སྨན་རྩིས་ཁང་གི“ཀོང་ཉིང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལུས་གསོ་ལྟེ་གནས”ཀྱི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-29

    ཉེ་ཆར། “ཀོང་ཉིང(ཀོང་ཏུང་དང་ཉིང་ཁྲི)ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལུས་གསོ་ལྟེ་གནས”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དུ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཀོང་ཉིང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལུས་གསོ་ལྟེ་གནས”ནི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་རོགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་1320བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་1505.98ཟིན་པ་དང་། དེ་ནི་གཅིག་སྡུད་སྨན་བཅོས་དང་། བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་རིག་གནས་འགྲེམས་སྟོན། རིག་གཞུང་སྤེལ་རེས། ལུམས་བཅོས་སོགས་ཁྱད་ལྡན་གསོ་ཐབས་ཉམས་ལེན་གཙོ་བོར་བྱས་པའི་ལུས་གསོ་ལྟེ་གནས་ཤིག་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་ཟླ་7པར། ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་དང་ཀོང་ཏུང་ཞིང་ཆེན་བདེ་ཐང་ཀྲུང་གོ་ཞིབ་འཇུག་ལྷན་ཚོགས་ཀྱིས་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དང་མཉམ་དུ་ཤེས་ལྡན་པ་དང་། སྨན་བཅོས། ཚན་ཞིབ་སོགས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་ཐུན་མོང་ཐོག་མིང་རྟགས་བཀོད་དེ། ཆེད་ཚན་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་། ཀྲུང་ལུགས་གསོ་རིག་དང་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་ལས་དོན་ཁང་འཛུགས་སྐྲུན། ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་། ལག་རྩལ་ཁྱབ་གདལ་མཉམ་ལས། རིག་གཞུང་དང་རིག་གནས་སྤེལ་རེས། ཚན་ཞིབ་རྣམ་གྲངས་མཉམ་ལས་སོགས་ཀྱི་ནང་དོན་ཁ་གསལ་བཏོན་ཡོད་པ་རེད། ལོ་དེའི་ཟླ་8པར། ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་འཕྲལ་མར་བོད་སྐྱོར་ཤེས་ལྡན་པ་མངགས་ནས་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་ལ་རོགས་སྐྱོར་བྱས་ཏེ། “ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་གྲགས་ཅན་སྨན་པའི་ལས་དོན་ཁང”བཙུགས་པར་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་མ་ཟད། ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་ལ“ཁ་པ་རིམ་པ་གསུམ་པའི”མི་རིགས་སྨན་ཁང་འཛུགས་གཏོད་ཀྱི་ལས་དོན་སྤེལ་རོགས་ཀྱང་བྱས་པ་རེད།

    2022ལོའི་ཟླ་4པར། ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་གི་བོད་ཀྱི་གསོ་བ་རིག་པའི་ལས་དོན་ཁང་ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དུ་བཙུགས་པ་དེས་རྒྱ་ཆེའི་ཀོང་ཏུང་གི་མང་ཚོགས་ཚོར་ཐག་ཉེ་ས་ནས་བོད་ཀྱི་གསོ་བ་རིག་པ་ཉམས་ལེན་ཐུབ་པ་དང་། ལག་ལེན་ཁྲོད་ཀྲུང་ལུགས་གསོ་རིག་དང་བོད་ཀྱི་གསོ་བ་རིག་པའི་ལེགས་ཆ་གསབ་རེས་དང་དགེ་ལེན་སྐྱོན་སེལ་ཐུབ་སྟེ། ཀྲུང་ལུགས་གསོ་རིག་དང་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་ཐེབས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་ཏུང་དང་ཉིང་ཁྲིའི་ཀྲུང་ལུགས་གསོ་རིག་དང་བོད་ཀྱི་གསོ་བ་རིག་པའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་གྲངས་དེ་ཀོང་ཏུང་གི་བོད་སྐྱོར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཅུག་པ་རེད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རྒྱབ་སྐྱོར་འོག འདི་ལོའི་ཟླ་4ཚེས་28ཉིན། ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་དང་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་གིས་མཉམ་འབྲེལ་ཐོག་ཀོང་ཏུང་དང་ཉིང་ཁྲིའི་ཀྲུང་ལུགས་གསོ་རིག་དང་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ཀྱི་རིག་གཞུང་གླེང་སྟེགས་སྐབས་དང་པོ་གཉེར་ནས། བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་ཐབས་ལམ་བཟང་པོ་འཚོལ་ཞིབ་བྱས་ཏེ། ཀྲུང་ལུགས་གསོ་རིག་དང་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།