[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • 《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཀྱི་བམ་པོ་60དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-11-16

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་བར། 《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཀྱི་བམ་པོ་60དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་ནི་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ཚན་ཞིབ་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་ཡིན་པས། བོད་ལུགས་གསོ་རིག་གི་དཔེ་རྙིང་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་དང་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་འབྲེལ་ཡོད་འགན་འཁུར་བས་འབྱུང་འགྱུར་ལོ་5ཡི་ནང་བམ་པོ་61ནས་100བར་འཚོལ་བསྡུ་ལེགས་སྒྲིག་དང་དཔེ་སྐྲུན་ལས་དོན་ལེགས་སྒྲུབ་བྱ་རྒྱུ་རེད་ཅེས་བརྗོད།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སློབ་སྤྱི་མིག་དམར་གྱིས། 《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ལེགས་སྒྲིག་དང་དཔེ་སྐྲུན་བྱས་པ་ནི་ཉེ་བའི་ལོ་ཤས་རིང་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་ཚན་ཞིབ་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། དེས་བོད་ལུགས་གསོ་རིག་གི་སློབ་གསོ་སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག ནད་ཐོག་སྨན་བཅོས་ལག་ལེན། བོད་སྨན་གསར་སྤེལ་བཅས་དང་། རྒྱལ་ཁབ་ཀྱི་རིག་གནས་བདག་དབང་དང་བདེ་འཇགས་སྲུང་སྐྱོང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།