[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • བོད་ཀྱིས་ཡིག་འབྲུ་ཁྲི་4500ལྷག་ཙམ་ཡོད་པའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2021-11-16

    ཚེས་12ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོས་བསྒྲིགས་པའི《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ཞེས་པ་དེ་2021ལོའི་ཟླ་དང་པོར་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། ཉེ་ཆར། དུས་ཡུན་ལོ་10ལྷག་ཙམ་རིང་འཚོལ་བསྡུ་དང་། ལེགས་སྒྲིག དཔེ་སྐྲུན་བཅས་བྱས་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆའི་རྩ་ཆེའི་དཔེ་རྙིང་ཀུན་བཏུས་འདིར་ཁྱོན་བམ་པོ་60ཡོད་པའི་ནང་མང་དག་ཅིག་ནི་ཆེས་དཀོན་པའི་ལག་བྲིས་དཔེ་རྒྱུན་དཔེ་གཅིག་མ་དང་རྩ་ཆེའི་དཔེ་ཆ་བཅས་ཡིན་པ་རེད།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་སློབ་སྤྱི་མིག་དམར་གྱིས། བོད་ལུགས་གསོ་རིག་དང་བོད་སྨན་གྱིས་ལོ་རྒྱུས་ཡུན་རིང་རྒྱུན་འཛིན་བྱེད་པའི་ཁྲོད་ཤོག་དྲིལ་སྣ་ཚོགས་ལ་ནང་དོན་ཕུན་སུམ་ཚོགས་པའི་དཔེ་རྙིང་ཚད་ལྡན་ཡིག་ཆ་གསར་བཟོ་བྱས་ཡོད། 2010ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོས་དཔེ་རྙིང་ཚད་ལྡན་ཡིག་ཆ་གཙོ་བོ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་དགོན་པ་དང་། རིག་དངོས་དོ་དམ་སྡེ་ཚན། དེ་བཞིན་འབྲེལ་ཡོད་ཞིབ་འཇུག་སྒྲིག་གཞི་བཅས་སུ་གཅིག་སྡུད་བྱས་པ་དང་། ཁག་གཅིག་དམངས་ཁྲོད་ཁ་ཐོར་དུ་ལུས་པའི་ཁྲོད་ལོ་རྒྱུས་ཡུན་རིང་ལྡན་པའི་དཔེ་རྙིང་ཁག་གཅིག་བོར་བརླག་ཏུ་འགྲོ་ཉེན་ཡོད་པར་དམིགས་ནས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱ་གཞི་འདི་ལག་བསྟར་བྱེད་འགོ་བརྩམས་པ་རེད་ཅེས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།