[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པར་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-10-27

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་རུ་སྣེ་ཁྲིད་དེ་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་ཨར་སྐྲུན་བྱ་ཡུལ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་འཛུགས་སྐྲུན་རྣམ་གྲངས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་ནན་པོར་གཞིགས་ཏེ་ལས་ཡུན་བཀོད་སྒྲིག་སྔར་བས་ཞིབ་ཚགས་དང་ལེགས་སུ་གཏོང་བ་དང་རྣམ་གྲངས་སྐྲུན་རིང་འཕྲད་པའི་དཀའ་གནད་དུས་ཐོག་ཏུ་བསལ་ནས་རྣམ་གྲངས་འཛུགས་སྐྲུན་དུས་བཀག་ལྟར་ལེགས་སྒྲུབ་ཟིན་པ་དང་ཆབས་ཅིག་བེད་སྤྱོད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། སྤུས་ཚད་དང་བདེ་འཇགས་ཀྱི་འགག་རྩ་ཆེན་པོ་གཉིས་ལ་དམ་འཛིན་ཡག་པོ་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་སྤུས་ཚད་ཀྱི་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་དང་འཛུགས་སྐྲུན་གྱི་ལས་རིམ་དང་ཨར་སྐྲུན་གྱི་ལྷུ་ཚིགས་རེ་རེ་བཞིན་གྱི་སྤུས་ཚད་ལ་སྟངས་འཛིན་ཡག་པོ་བྱས་ཏེ་སློབ་ཁུལ་གསར་པ་འདི་ཉིད་མི་དམངས་བློ་ཡིད་འཚིམ་པ་དང་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བའི་དམངས་འཚོའི་ལས་གྲྭ་ཞིག་ཏུ་ནུས་ཤུགས་ཡོད་རྒུས་བསྐྲུན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།