[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • “བོད་ལུགས་གསོ་རིག་གི་ལུམས་བཅོས”གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-11-19

    ཉེ་ཆར་རང་སྐྱོང་ལྗོངས་རིག་གནས་ཐིང་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་མཉམ་དུ་གཉེར་བའི“བོད་ལུགས་གསོ་རིག་གི་ལུམས་བཅོས”གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད།

    ཐེངས་འདིའི་གསོ་སྦྱོང་ལ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་ཉི་མ་ཚེ་རིང་དང་། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་སྨན་པ་གྲགས་ཅན་དབང་འདུས། རྒྱལ་ཁབ་རིམ་པའི་དངུལ་ཆུ་འདུལ་སྦྱོང་གི་རྒྱུན་འཛིན་པ་དང་བོད་ཀྱི་གསོ་བ་རིག་པའི་རིགས་གཅིག་མཁས་ཅན་དགའ་བུ་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་བོད་ལུགས་གསོ་རིག་གི་ལུམས་བཅོས་རྒྱུན་འཛིན་དང་། སྲུང་སྐྱོང་། གསར་སྤེལ། བཀོལ་སྤྱོད། དེ་བཞིན་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་པ་གྲགས་ཅན་དགེ་རྒན་ཆེ་མོ་བ་དབང་འདུས་ཀྱི་ལྗོངས་ཕྱི་ནང་གི་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་སློབ་ཚོར་ནད་ཐོག་ཉམས་མྱོང་དང་རིག་གཞུང་བསམ་ཕྱོགས་སྐོར་སློབ་ཁྲིད་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་11ཚེས་8ཉིན“ཀྲུང་གོའི་བོད་ལུགས་གསོ་རིག་གི་ལུམས་བཅོས”མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་གྱི་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་མིང་གཞུང་དུ་དངོས་སུ་བཅུག་པ་དང་། “བོད་ལུགས་གསོ་རིག་གི་ལུམས་བཅོས”བོད་ལུགས་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་མཚོ་བོད་ས་མཐོར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་མ་ཟད། ལྗང་མདོག་དང་ཁོར་ཡུག་ལ་གནོད་པ་མེད་པ་དང་། བདེ་འཇགས་དང་ནུས་པ་ཆེ་བ། སྟབས་བདེ་སྤྱོད་བདེ་བཅས་ཀྱི་ཁྱད་ཆོས་ལྡན་པས་མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་སྨན་བཅོས་ལག་ལེན་ཁྲོད་བཀོལ་སྤྱོད་རྒྱ་ཁྱབ་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་དང་ནད་ཡམས་འགོག་བཅོས་ལ་ནུས་པ་གལ་ཆེན་ཐོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།