[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>གསོ་རིག་གསར་འགྱུར།
  • གཏམ་བཟང་། རིམས་འགོག་བོད་སྨན་ནག་པོ་དགུ་སྦྱོར་ཙམ་མིན་པར་དེ་ལས་མང་བ་འདུག

  • ཡོང་ཁུངས།   ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-16

    11.jpg

    ཉེ་ཆར། ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་སྦྱོར་ཐོ་འགོད་དམིགས་བསལ་ཞིབ་བཤེར་ལམ་ལུགས་གཉེར་བ་ནས་བཟུང་། ལྷོ་ཁ་སྨན་རྩིས་ཁང་གིས་སྨན་སྦྱོར་ཁང་དང་ཞིབ་འཇུག་ཁང་གི་ཆེད་ལས་མཁས་དབང་མྱུར་དུ་སྒྲིག་འཛུགས་བྱས་ཏེ། གཙོ་བོ་ཉེར་ལྔ་སོགས་སྨན་སྣ་བཅུ་གཅིག་བཟོ་སྦྱོར་བྱ་ཆོག་པའི་ཡིག་ཆར་ཞིབ་འཇུག་དང་ཚོད་ལྟའི་བྱ་བ་ལེགས་སྒྲུབ་བྱས་པའི་སྙན་ཞུར་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་སྨན་རྫས་དེ་དག་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་དགོངས་དོན་དང་མཐུན་པ་དང་། སྨན་བཟོའི་ཆ་རྐྱེན་ཡོད་པའི་རྨང་གཞིའི་འོག་བོད་སྨན་མཁས་དབང་གི་བརྒལ་བརྟག་དགོངས་འཆར་བཅས་ལ་གཞིགས་ནས་སྙན་ཞུའི་ཡིག་ཆ་ལུགས་དང་མཐུན་ཞིང་ཚད་དང་ལྡན་པ་དང་།  སྨན་རྫས་ཁག་བདེ་འཇགས་དང་ནུས་ལྡན་ཡིན་པར་སྨན་རྫས་བཟོ་སྦྱོར་བྱ་ཆོག་པའི་ཐོ་བཀོད་སྨན་སྦྱོར་གྱི་ཨང་རྟགས་སྤྲད་པ་རེད། འདི་ནི་ལྷོ་ཁ་སྨན་རྩིས་ཁང་གི་སྨན་སྦྱོར་ལས་དོན་ཁག་དང་། ལྷག་པར་དུ་ཏོག་གསར་གློ་ཚད་འགོག་བཅོས་ཀྱི་ནང་བོད་ཀྱི་གསོ་རིག་གི་བྱ་བས་སྔོན་ཚུད་ནས་འགོག་བཅོས་ལ་ཞུགས་པར་སྨན་རྫས་གལ་ཆེན་མཁོ་འདོན་བྱེད་པར་འགན་སྲུང་ཐུབ་པ་མཚོན་ཡོད།

    སྨན་སྦྱོར་སོ་སོའི་མིང་དང་ཆོག་མཆན་གྱི་ཨང་རྟགས་ཁག་གཤམ་གསལ་སྟེ།

    གཙོ་བོ་ཉེར་ལྔ། Z2020003400

    ཕུར་ནག་དགུ་ཐང་། Z20200031000

    ཨ་གར་སོ་ལྔ། Z20200027000

    གཙོ་བོ་བཅུ་གསུམ།   Z20200028000 

    གཙོ་བརྒྱད་གཡུ་རལ། Z20200029000

    ཐང་ཆེན་བརྒྱད་པ། Z20200030000

    ལོ་གྱོན།   Z20200032000

    རྟ་ཟི་དམར་པོ།   Z20200036000

    བདུད་རྩི་སླེབ་མཆོག Z20200035000

    ནག་པོ་དགུ་སྦྱོར། Z20200033000

    སྤང་རྩི་བཅུ་གཉིས།Z20200037000

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།