[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>ཁྱད་ལྡན་ཚན་ཁག
  • ཀླུ་བྱམས་རྒྱལ་ལ་“མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀའི་ཕུལ་བྱུང་རྒྱུན་འཛིན་པའི”མཚན་སྙན་ཐོབ།

  • ཡོང་ཁུངས།   མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-22

    མཚོ་སྔོན་ཞིང་ཆེན་གྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བ་གོམ་གང་མདུན་སྤོས་ཀྱིས་སྐུལ་འདེད་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རིག་གནས་འཆམ་མཐུན་ངང་འཕེལ་རྒྱས་ཀྱི་ཆེད་དུ། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བའི་ཁྲོད་གྲུབ་འབྲས་འབུར་ཐོན་ཡིན་པའི་མི་སྒེར་དང་ཐུན་མོང་ཁག་གཅིག་ལ་གཟེངས་བསྟོད་བྱས། ཞིང་ཆེན་སྨན་ཁང་གི་སྨན་ལུམས་བཅོས་ཐབས་རྒྱུན་འཛིན་པ་ཀླུ་བྱམས་རྒྱལ་ལ་“ ཞིང་ཆེན་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀར་ཕུལ་བྱུང་གི་རྒྱུན་འཛིན་པའི་” མཚན་སྙན་ཐོབ་ཡོད།

    2-2.jpg

    མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ནི་C་རིག་གནས་ཤུལ་བཞག་གྱི་གལ་ཆེ་བའི་རྒྱུན་འཛིན་མཁན་དང་བརྒྱུད་སྤྲོད་མཁན་ཡིན་ལ། མངོན་མིན་རིག་གནས་ཤུལ་བཞག་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ཤེས་བྱ་དང་གཏིང་ཟབ་པའི་ལག་རྩལ་ཁོང་དུ་ཆུད་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་གསོན་པའི་རྒྱུན་འཛིན་གྱི་འཐུས་ཚབ་རང་བཞིན་ལྡན་པའི་མི་སྣ་ཡིན། བློ་མཐུན་ཀླུ་བྱམས་རྒྱལ་ལགས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་ལས་ཀ་བྱས་ནས་ལོ་ངོ་༣༠་འགོར་ཡོད།  ཉམས་ལེན་གནད་སྨིན་། སློབ་གཉེར་ནན་མོ། སྨན་བཅོས་ཞིབ་འཇུག་གཙིགས་འཛིན་བྱེད་ལ། ཁོང་ནི་མཚོ་སྔོན་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ལུམས་ཐད་ཀྱི་གྲགས་ཅན་ཆེད་མཁས་པ་ཡིན། བོད་སྨན་སྨན་ལུམས་བཅོས་ཐབས་རྒྱུད་འཛིན་པ་ཞིག་གི་ཐད་ནས་ཁོས་དུས་དང་རྣམ་པ་ཀུན་ཏུ་བོད་ལུགས་གསོ་རིག་ལ་སློབ་སྦྱོང་དང་ཞིབ་འཇུག་ལ་ལྷོད་གཡེང་མེད། ཁོང་གི་སྣེ་ཁྲིད་བྱས་པའི་ལས་གཞི་ 《བོད་ལུགས་གསོ་རིག་སྨན་ལུམས་ཀྱི་ནད་བརྟག་སྨན་བཅོས་ཚད་ལྡན་དང་ལག་རྩལ་ཚད་གཞི་》གཏན་འབབས་བྱས།  དེས་བོད་ལུགས་གསོ་རིག་སྨན་ལུམས་ཚད་གཞི་ཡི་སྟོང་ཆ་བསྐངས་ཡོད་པ་རེད།  དཔེ་རྙིང་འཚོལ་བསྡུ་དང་ཕྱོགས་བསྡུས་བྱས་ནས་ཡིག་འབྲུ་ཁྲི་གསུམ་ཅན་གྱི་ཚན་རྩལ་ཁྱབ་གདལ་ཀློག་དེབ་ 《བོད་ཀྱི་གསོ་རིག་སྨན་ལུམས》 དེ་ཟླ་༢༠༡༧ལོ་འགོར་པར་སྐྲུན་འགྲེམས་སྤེལ་བྱེད་པའི་འཆར་གཞི་ཡོད།  མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་ལུམས་རིག་ཚན་གྱི་སྣེ་ཁྲིད་པ། བོད་སྨན་འདུལ་སྦྱོང་རིག་པའི་སྣེ་ཁྲིད་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་《བོད་ལུགས་གསོ་རིག་སྨན་ལུམས་གསོ་ཐབས་》 ཀྱི་རྒྱུན་འཛིན་པ་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ཤེས་རམས་པའི་སློབ་དཔོནཡིན་པའི་ཆ་ནས་ད་ལྟའི་བར་བོད་ཀྱི་གསོ་རིག་སྨན་ལུམས་ཕྱོགས་ཀྱི་ཤེས་ལྡན་མི་སྣ་མང་་པོ་ཞིག་གསོ་སྐྱོང་བྱས་ཡོད། དེ་དང་མཉམ་དུ་རིག་མིན་ཤུལ་བཞག་རིག་གནས་ཀྱི་སྤྱི་ཕན་བྱ་པའི་ཕྱོགས་ཞུགས་ནས་ལོ་རེ་ལ་མི་སྣ་རྩ་འཛུགས་བྱས་ནས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཉིན་མོ་འོས་འགན་སྨན་བཅོས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད།

    2-1.jpg

    མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་གསོ་རིག་རིག་གནས་སྲུང་སྐྱོང་དང་། སྔོག་འདོན་དང་དར་སྤེལ་མཐོང་ཆེན་བྱེད།  “ བོད་ལུགས་གསོ་རིག་སྨན་ལུམས་བཅོས་ཐབས་” རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་ལས་ཁུངས་ཡིན་པའི་ཆ་ནས་རིག་གནས་དར་སྤེལ་དང་། རྒྱུན་འཛིན་པ་ངོས་འཛིན་དང་སྲུང་སྐྱོང་དང་། ཚད་ལྡན་ཡིག་ཆ་འཚོལ་བསྡུ་དང་། རེ་ཞུ་སྲུང་སྐྱོང་སོགས་ཀྱི་ཐད་ལ་ལས་ཀ་འབོར་ཆེན་བསྒྲུབས་ཡོད། “མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སྨན་ལུམས་བཅོས་ཐབས་དངོས་མིན་ཤུལ་བཞག་རྒྱུད་འཛིན་ལྟེ་གནས་”དང་“ཆེད་མཁས་བྱ་བའི་ས་ཚུགས”བཙུགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སྨན་ལུམས་བཅོས་ཐབས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་གཞག་རྒྱུན་བསྲིང་འཕེལ་རྒྱས་གཏོང་བའི་ལས་དོན་གཙིགས་འཛིན་བྱེད་ཀྱི་ཡོད།“ བོད་ལུགས་གསོ་རིག་སྨན་ལུམས་གསོ་ཐབས་” དབྱར་མཚོ་རྒྱས་པ་ལྟར་མཐོ་སྒང་གི་ས་གཞི་ཆེན་པོའི་སྟེང་དུ་རྒྱུན་འཛིན་བྱས་ནས་མི་དམངས་ཡོངས་ལ་བདེ་སྐྱིད་སྐྲུན་པར་བྱེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།