[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>ནད་བརྟག་སྨན་དཔྱད།
  • བོད་ལྗོངས་ཀྱི་ཐུམ་འབུའི་ནད་སྨན་བཅོས་རོགས་སྐྱོབ་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

    2020ལོར་སླེབས་སྐབས་རྩ་བའི་ཆར་ཚོད་འཛིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-20

     འདི་ལོ་ཟླ་བ་གསུམ་པ་ཤར་ཚུན་རང་ལྗོངས་ཀྱིས་ཐུམ་འབུའི་ནད་འགོག་བཅོས་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཚུན་རང་སྐྱོང་ལྗོངས་དང་ས་གནས་དང་སྡེ་ཚན་ཁག་གིས་ཐུམ་འབུའི་ནད་སྨན་བཅོས་རོགས་སྐྱོབ་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐུམ་འབུའི་ནད་འགོག་བཅོས་དྲིལ་བསྒྲགས་དང་གསོ་སྦྱོང་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བས་2020ལོར་སླེབས་སྐབས་ཐུམ་འབུའི་ནད་རྩ་བའི་ཆར་ཚོད་འཛིན་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

    ཉེ་དུས་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་གསོ་སྦྱོང་མཛུབ་ཁྲིད་ལྟེ་གནས་དེ་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་བཙུགས་ནས་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་དང་། ལག་རྩལ་གྱི་གསོ་སྦྱོང་། བདེ་ཐང་གི་སློབ་གསོ། ཚོད་ལྟ་ཁང་གི་བརྟག་དཔྱད་སོགས་ཀྱི་ལས་ཀ་སྒྲུབ་འགན་འཁུར་རྒྱུ་རེད། རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལི་ཅིང་ཀྲུང་གིས་གསར་འགོད་པར་གོམ་སྟབས་རྗེས་མར་ལྟེ་གནས་དེར་དམིགས་ཏེ་ལྗོངས་ཡོངས་རང་བཞིན་གྱི་དཔེ་ལྟ་གཞིའི་ཚོད་ལྟ་ཁང་བཙུགས་ནས་ཆ་འཕྲིན་དོ་དམ་དང་རྒྱང་རིང་སློབ་གསོའི་གསོ་སྦྱོང་བྱས་ཏེ་ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལག་རྩལ་གྱི་འདེགས་སྐྱོར་མ་ལག་འཛུགས་རྒྱུ་རེད་ཅེས་བརྗོད་བྱུང་།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་ནོར་སྲིད་ཀྱིས་སྔ་རྗེས་སུ་སྒོར་ཁྲི་3600ཐུམ་འབུའི་ནད་ཕོག་ཡོད་མེད་ཀྱི་བརྟག་དཔྱད་དང་སྨན་བཅོས་ལས་དོན་ལ་བཏང་བ་དང་འདི་ལོ་ལོ་མཇུག་ཏུ་སླེབས་སྐབས་རང་ལྗོངས་ཀྱིས་མི་ཚོགས་ཕྱེད་ཀར་ནད་ཕོག་ཡོད་མེད་ཀྱི་བརྟག་དཔྱད་ལེགས་གྲུབ་བྱ་རྒྱུ་རེད། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་རྫོང་40ལས་མི་ཉུང་བའི་མི་ཚོགས་ཀྱི་ཐུམ་འབུའི་ནད་ཕོག་ཚད་1%མན་ཆག་པ་དང་སྒོ་ཁྱི་ནས་ནད་འགོས་ཚད་5%མན་ཚོད་འཛིན་ཐུབ་པ་བྱ་རྒྱུ་རེད། “2017ལོའི་གཙོ་གནད་ནི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་སྤེལ་ནས་རྫོང་74ཡི་ད་ཡོད་མི་སྣར་ནད་ཕོག་ཡོད་མེད་ཀྱི་བརྟག་དཔྱད་བྱ་རྒྱུ་མ་ཟད།  དེའི་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་སྤོབས་སེམས་སྐྱེ་བ་དང་སེམས་འགུལ་ཐེབས་པ་ཞིག་འདུག”ཅེས་བསོད་ནམས་གྲགས་པའི་གདོང་ལས་འཛུམ་མདངས་འཕྱུར་ཞིང་དེ་ལྟར་བཤད་བྱུང་།

    “གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད། ལོ་ན་ཕྲ་བའི་ན་གཞོན་ཁྱོད་ཚོ་ཀྲུང་གོ་གསར་པར་སྐྱེས་པ་དང་དར་དམར་འོག་འཚར་ལོངས་བྱུང་ནས་འཚོ་བ་སྐྱིད་པོ་སྐྱེལ་གྱི་ཡོད། དེར་བརྟེན་ཁྱོད་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་བཅངས་ནས་ལས་སླ་པོར་ཐོབ་པ་མིན་པའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས”ཞེས་པའི་བགྲེས་སོང་བསོད་ནམས་གྲགས་པའི་བབ་ཆགས་པའི་སྐད་ཆའི་མཇུག་འགྲིལ་མ་ཐག་ཡ་རང་གྲོང་ཚོའི་སྒྲོག་འགྲེལ་བྱ་ཡུལ་དུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་བཀའ་དྲིན་འཇལ་བ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པའི་གྲོང་མི་ཚོའི་ཆོད་སེམས་ཐལ་མོའི་རྡེབ་སྒྲའི་ཁྲོད་གང་ལེགས་མངོན་ཡོད་པ་རེད།

    མེ་ཏོག་རྫོང་དུ་བགྲེས་སོང་བསོད་ནམས་གྲགས་པ་དང་འདྲ་བར་སྒྲོག་འགྲེལ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་མཁན་བགྲེས་སོང་མི་ཉུང་བ་ཞིག་ཡོད་པ་རེད། ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པ་རྒན་གྲས་པད་མ་ཚེ་སྒྲོན་ཡང་འདི་ལོ་ལོ་70ལ་སླེབས་ཤིང་། གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས“བོད་རྙིང་པའི་སྐབས་སུ་ང་ཚོའི་ཁྱིམ་གྱིས་ལོ་ལྟར་མི་རྒྱུད་མཆེད་བཞིར་ཁྲལ་འུ་ལག་རྒྱུག་དགོས་ཀྱི་ཡོད། ཆང་སྣོད་སྨྱུག་ཟོམ་དང་། འབྲུ་རིགས། ནགས་བྱིའི་པགས་པ་སོགས་ཅ་དངོས་ཡག་སྡུག་ལ་མི་བལྟོས་པར་ཚང་མ་འཁྱེར་འགྲོ་གི་ཡོད། ང་ཚོར་དཀའ་ལས་རྒྱག་པའི་འགན་ཡོད་པ་ལས་ཟ་དབང་འཐུང་དབང་གང་ཡང་མེད། མི་རྒྱུད་མཆེད་བཞིས་སྡུག་པོ་ཚད་མེད་གཏོང་གི་ཡོད”ཅེས་བརྗོད་པ་དང་། ད་ཆའི་འཚོ་བའི་སྐོར་གླེང་སྐབས་ཏང་ནང་ཞུགས་ནས་ལོ་40ལྷག་ཙམ་སོང་བའི་ཏང་ཡོན་རྒན་གྲས་ཁོང་གིས་སྤོབས་སེམས་ཆེན་པོའི་ངང་ཏང་ལ་ཞུགས་སྐབས་ཀྱི་དམ་བཅའི་ཚིག་ད་དུང་བློ་ལ་གསལ་པོ་ངེས་ཀྱི་འདུག ད་ཆ་ལོ་ན་མཐོ་པོ་སླེབས་མོད། འོན་ཀྱང་སེམས་ནང་ད་དུང་སྔར་བཞིན་མང་ཚོགས་ལ་བྱ་བ་མང་ཙམ་བསྒྲུབ་རྒྱུའི་བསམ་བློ་གཏོང་གི་ཡོད་ཅེས་བརྗོད་པ་རེད།

    ལོ་57ལ་སླེབས་པའི་ཚེ་བརྟན་གྱིས་གྲོང་ཚོ་ཨུ་ལྷན་གྱི་རྩིས་པ་དང་། ཕྱུགས་རིགས་སྨན་པ། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་འཁུར་མྱོང་ཡོད་པ་རེད། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་ཁོང་གིས“ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་པས་ཟས་གོས་འགྲོ་སྡོད་ཐད་བོད་རྙིང་པ་དང་བསྡུར་ཚེ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ཆ་གྲོང་མི་ཚོས་ཀོ་ལྷམ་དང་གཙང་ལ་མཛེས་པའི་གྱོན་གོས་གོན་རྒྱུ་བྱུང་བ་དང་ཐོག་བརྩེགས་ཅན་གྱི་སྡོད་ཁང་ནང་སྡོད་རྒྱུ་བྱུང་ཡོད། དེ་དང་ཆབས་ཅིག་མེ་ཏོག་གཞུང་ལམ་ཡང་ཤར་གཏོང་ཐུབ་ཡོད་པས་འདི་དག་ཐམས་ཅད་ཏང་གི་བཀའ་དྲིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དང་ཁ་འབྲལ་ཐབས་མེད”ཅེས་བརྗོད།

    ལོ་78ལ་སླེབས་པའི་པ་རྡོར་དང་། ལོ་57ལ་སླེབས་པའི་ཚེ་བརྟན། ཀྲི་པུའི་ཧྲུའུ་ཅི་རྒན་གྲས་བདེ་ཆེན་ཕུན་ཚོགས། དམག་ཞབས་ཐིམས་པའི་དམག་མི་རྒན་གྲས་ཀའོ་ཧུང་སོགས་ཀྱིས་དཀའ་སྡུག་ཚད་མེད་མྱངས་ཡོད་ཀྱང་བློ་སྟོབས་ལ་འགྱུར་བ་མེད་པར་ལོ་ན་མཐོ་པོ་སླེབས་ཀྱང་ད་དུང་བྱས་རྗེས་གསར་པ་འཇོག་རྒྱུའི་ཆོད་སེམས་འཆང་བཞིན་ཡོད་པ་རེད། གུས་ཤིང་བརྩེ་བ་དང་གུས་བཀུར་བྱེད་འོས་པའི་ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་དེ་དག་མང་ཆེ་བས་དཀའ་སྡུག་ཚད་མེད་མྱངས་པས་བོད་རྙིང་པའི་དཀའ་སྡུག་ཁོང་ཚོའི་སེམས་ནང་བརྟན་པོར་ངེས་པ་དང་། ཁོང་ཚོས་དེ་སྔོན་ལེགས་སྐྱེས་མང་པོ་ཕུལ་མྱོང་བས་བོད་གསར་པའི་བདེ་སྐྱིད་ལྡན་པའི་འཚོ་བ་ཁོང་ཚོའི་གདོང་ལས་མངོན། ཁོང་ཚོས་མི་ཚེ་གང་པོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་རང་ཉིད་ཀྱི་འགྱུར་མེད་དད་སེམས་དང་ལྷག་བསམ་རྣམ་དག་ལ་བརྟེན་ནས་ལས་འཁྱུར་བྱས་པའི་འཚོ་བའི་ནང་བྱ་སྤྱོད་དངོས་ལ་བརྟེན་ནས“ལས་གནས་ལས་བྲལ་རུང་ཏང་དང་མི་བྲལ་བ་དང་། ལས་འཁྱུར་བྱས་རུང་སྙིང་སྟོབས་མི་ཉམས་པའི”གུང་ཁྲན་ཏང་ཡོན་གྱི་དམ་བཅའ་ནན་པོ་མཚོན་པར་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།