[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>ས་ཁུལ་ཁག་གི་སྨན་རྩིས་ཁང་།
  • མཐའ་ཁུལ་དམངས་ཀྱི་བདེ་ཐང་གཙིགས་སུ་འཛིན།

    ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་ཡུལ་སྨད་ཤང་དུ་རིན་མེད་བརྟག་བཅོས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀར་ཆུང་།    |    སྤེལ་དུས།   2018-01-02

    ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་བོད་ཕྱི་ཟུང་འབྲེལ་གྱི་ཆེད་ལས་མཁས་པ་སྒྲིག་འཛུགས་ཀྱིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་གཤམ་བསྐྱོད་བྱས་ཏེ་ཁུལ་དེའི་མང་ཚོགས་དང་། ལས་བྱེད་པ།  མཐའ་སྲུང་ཉེན་རྟོག་དམག  འཛུགས་སྐྲུན་པ་བཅས་ཁྱོན་མི་གྲངས་དྲུག་ཅུ་ལྷག་ཙམ་ལ་མི་དམངས་ཤོག་སྒོར་ཁྲི་གཅིག་དང་ལྔ་སྟོང་ལྷག་ཙམ་རི་བའི་རིན་མེད་བརྟག་བཅོས་བྱས་པ་རེད།

    ཐེངས་འདིའི་གཤམ་བསྐྱོད་བྱེད་སྒོ་ནི་བློ་མཐུན་ཞི་ཅིང་ཕིང་གི་རྩ་ཆེའི་འཕྲིན་ལན་གྱི་གལ་ཆེའི་དགོངས་དོན་བཞིན་ཡུལ་སྨད་ཤང་འདི་ཉིད་མཛེས་ཤིང་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་གི་དཔེ་མཚོན་གྲོང་ཚོར་འཛུགས་སྐྲུན་བྱེད་པའི་ཚ་རླབས་འཕྱུར་བཞིན་ཡོད་པས་མི་རྣམས་སྡོད་གནས་སྤོ་བསྒྱུར་དང་།  གྲོང་གསར་འཛུགས་སྐྲུན།  དགུན་དུས་འཚོ་བའི་མཁོ་ཆས་དབོར་འདྲེན་བྱེད་པ་སོགས་ལས་བྲེལ་ཤིན་ཏུ་ཆེ་བའི་སྐབས་དང་འཁེལ་བས་ཁོང་ཚོར་ཆེད་མངགས་རྫོང་གྲོང་ཁུལ་དུ་ནད་གཞི་བརྟག་པའི་དུས་ཁོམ་མེད་གཤིས།  ཁོང་ཚོར་བདེ་ཐང་སློབ་གསོ་དང་། ནད་གཞི་བརྟག་བཅོས་བྱ་རྒྱུ་ནི་དགོས་དབང་ཤིན་ཏུ་ཆེ་བའི་དོན་ཆེན་ཞིག་ཏུ་གྱུར་བས་ཚང་མས་མ་གྲོས་གཅིག་མཐུན་ཐོག་ད་ཐེངས་ལྷོ་ཁ་སྨན་རྩིས་ཁང་གི་རིན་མེད་བརྟག་བཅོས་ཀྱི་བྱེད་སྒོ་འདི་ནི་མཐའ་ཁུལ་མང་ཚོགས་ལ་ཕན་པའི“དུས་ཐོག་ཆར་པ”རང་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་མཆིས།   དེ་བཞིན་མཐའ་ཁུལ་མང་ཚོགས་ཀྱི་ཡོང་བབས་འཕར་སྣོན་དང་།  ལས་ཞུགས་ཐག་གཅོད་སོགས་ཀྱི་ཆེད་དུ་ཁུལ་དེ་གའི་འགན་འཁུར་མི་སྣ་དང་མཉམ་དུ་ལུགས་མཐུན་དང་། སྲུང་སྐྱོབ་རང་བཞིན་གྱི་ཐོན་ཁུངས་གསར་སྤེལ་བྱེད་རྒྱུའི་ཐོག་མའི་བསམ་གྲོས་ལྷུག་པོར་གླེང་བ་རེད།

    巴桑伦珠专家给卓嘎看病.JPG

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་རིགས་གཅིག་མཁས་དབང་པ་སངས་ལྷུན་གྲུབ་ཀྱིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་གཅེན་གཅུང་གཙོས་ཁུལ་དེའི་མང་ཚོགས་ཀྱི་ན་ཚ་བལྟ་བའི་གནས་ཚུལ་ཡིན་པ།

    20.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་ལྷག་པ་ཚེ་རིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་གཅེན་གཅུང་གཙོས་ཁུལ་དེའི་མང་ཚོགས་ཀྱི་ཁྲག་ཤེད་བལྟ་བའི་གནས་ཚུལ་ཡིན་པ།

    巴桑伦珠专家给村民看病.JPG

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་མཁས་དབང་པ་སངས་ལྷུན་གྲུབ་ཀྱིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ཀྱི་ན་ཚ་བལྟ་བའི་གནས་ཚུལ་ཡིན་པ།

    免费送药.JPG

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་དང་། མཐའ་མཚམས་དཔོན་དམག གླ་པ་སོགས་ལ་རིན་མེད་སྨན་སྤྲོད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།