[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>ས་ཁུལ་ཁག་གི་སྨན་རྩིས་ཁང་།
  • བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཞོར་གཏོགས་ལྷོ་ཁ་སྨན་ཁང་གི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-09

    ཚེས་5ཉིན་གྱི་ཕྱི་དྲོ་ལྷོ་ཁར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དབར་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། སློབ་ཁྲིད་ཚན་ཞིབ། སྤྱི་ཚོགས་ཞབས་ཞུ། རིག་གནས་རྒྱུན་འཛིན་བཅས་ཁྱབ་ཁོངས་ཆེན་པོ་བཞིར་ཁྱོན་ཡོངས་ནས་མཉམ་ལས་བྱེད་པའི་འབྲེལ་བ་བཙུགས་ཏེ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཞོར་གཏོགས་ལྷོ་ཁ་སྨན་ཁང་དུ་བསྒྱུར་བས། སྨན་ཁང་དེ་ལྗོངས་ནང་ཁུལ་གྱི་བོད་ལུགས་གསོ་རིག་སློབ་གླིང་གི་ཐད་གཏོགས་མིན་པའི་ཞོར་གཏོགས་སྨན་ཁང་གཉིས་པར་གྱུར་པ་དང་དེ་ཐོག་ནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས“སློབ་གསོ+”ཀྱི་རྣམ་པར་བརྟེན་ནས་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་གཏོང་བར་ཚད་བརྒལ་གསར་པ་བྱུང་བ་མཚོན་ཐུབ།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་མིག་དམར་གྱིས་གྲོས་མཐུན་ཡི་གེ་འཇོག་པ་དང་སྒོ་བྱང་གི་ཡོལ་བ་འབྱེད་པའི་མཛད་སྒོའི་ཐོག་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཞོར་གཏོགས་ལྷོ་ཁ་སྨན་ཁང་དུ་བསྒྱུར་རུང་། དེ་གཉིས་དབར“ཁོངས་གཏོགས”ཀྱི་འབྲེལ་བ་མིན་པར“མཉམ་ལས”ཀྱི་འབྲེལ་བ་ཡིན་པས། ཕྱོགས་གཉིས་པོས་ལེགས་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་མཉམ་དུ་བོད་ལུགས་གསོ་རིག་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བོད་ལུགས་གསོ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།