[ English ] [ 中文 ]
0891-6325020
དབུ་ཤོག>བོད་ལུགས་གསོ་རིག>ས་ཁུལ་ཁག་གི་སྨན་རྩིས་ཁང་།
  • སྨན་རྩིས་ཁང་བཙུགས་ནས་ལོ་བརྒྱ་འཁོར་བའི་འགྲེམས་སྟོན་དངོས་སུ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-09-08

    ཟླ་8ཚེས་31ཉིན་གྱི་ཕྱི་དྲོ་སྨན་རྩིས་ཁང་བཙུགས་ནས་ལོ་བརྒྱ་འཁོར་བའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་འགྲེམས་སྟོན་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་དངོས་སུ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་རིག་གནས་འགྲེམས་སྟོན་ནི་སྨན་རྩིས་ཁང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན་ཞིང་། དེ་ནི་ལྗོངས་རིག་གནས་ཐིང་དང་ལྗོངས་སྨན་རྩིས་ཁང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་སྨན་རྩིས་ཁང་སྨན་སྦྱོར་ལྟེ་གནས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། འགྲེམས་སྟོན་བྱེད་རིང་རྒྱུན་འཛིན་པ་20ལྷག་ཙམ་གྱིས་ས་ཆ་དངོས་སུ་འགྲེལ་བཤད་དང་། རྩ་ཆེའི་རིག་གནས་3000ལྷག་ཙམ། ལོ་རྒྱུས་ཀྱི་པར་རིས་1000ལྷག་ཙམ། ཡིག་འབྲུ་ཁྲི་20ལྷག་ཙམ་གྱི་དཔེ་ཆ། སྨན་རྒྱུའི་མ་དཔེ་200ལྷག་ཙམ། བོད་སྨན་སྣེ་ཁ་100ལྷག་ཙམ། སྐར་མ་15ཙམ་གྱི་བརྙན་ཕབ་ཡིག་ཆ་སོགས་ནང་དོན་ཕུན་སུམ་ཚོགས་པོའི་ཐོག་ནས་སྤྱི་དམངས་ལ་རིན་ཆེན་ར་ཏྣ་བསམ་འཕེལ་གྱི་སྨན་སྦྱོར་ལག་རྩལ་དང་། བོད་སྨན་འདུལ་བའི་ལག་རྩལ། གནམ་རིག་སྐར་རྩིས། བོད་སྨན་བདུད་རྩི་རྟགས་ཅན་གྱི་རབ་གནས་མཛད་སྒོ་སོགས་སྨན་རྩིས་ཁང་བཙུགས་ནས་ལོ་བརྒྱ་འཁོར་བའི་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་དང་སྨན་རྩིས་ཁང་གིས་བོད་ལུགས་གསོ་རིག་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་རིང་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།